༡༢
མན་ངག་ལ་བྱམས་པས་ཤེས་རབ་ལ་བྱམས། ཞལ་ཏ་ལ་སྡང་བ་བྱོལ་སོང་དང་འདྲ།
 མི་བཟང་པོ་ལ་ཡ་ཧོ་ཝཱའི་ཐུགས་རྗེ་རྙེད་ཀྱིས། ཇུས་ངན་སྣོམ་པ་ལ་ཁོང་གིས་ཆད་པ་གཅོད།
 ངན་པའི་ཐབས་ཀྱིས་གང་ཡང་བརྟན་པར་མི་འགྱུར་གྱིས། ཆོས་དྲང་པོའི་རྩ་བ་ལ་ནམ་ཡང་གཡོ་འགུལ་འབྱུང་མི་འོང་།
 བུད་མེད་བཟང་མོ་ཁྱོ་བོའི་གཙུག་རྒྱན་ཏེ། འོན་ཀྱང་ངོ་ཚ་རུ་འཇུག་མཁན་ནི་ཁོའི་རུས་པའི་ནང་གི་རུལ་དྲི་དང་འདྲ།
 མི་དྲང་པོའི་བསམ་པ་རྣམས་དྲང་ཡང་། སྡིག་སྤྱོད་ཀྱི་ཇུས་ནི་ཟོལ་ཟོག་བྱེད་པ་ཡིན།
 མི་གསོད་དུ་འཇབ་པ་ནི་སྡིག་སྤྱོད་ཀྱི་གཏམ་ཡིན། འོན་ཀྱང་མི་དྲང་པོའི་ཁ་ཡིས་དེ་དག་སྐྱོབ།
 སྡིག་སྤྱོད་རྣམས་ནི་མགོ་ལོག་ཏུ་བཏང་བ་དང་དེ་དག་མེད། འོན་ཀྱང་ཆོས་དྲང་གི་ཁྱིམ་བརྟན་པར་གནས།
 མིའི་ཤེས་རྒྱ་བཞིན་དུ་བསྟོད་པ་འབྱུང་ཡང་། སྙིང་ལོག་པར་ཅན་ནི་སྨད་པར་འགྱུར།
 ཟ་རྒྱགས་ཆད་བཞིན་རང་མཐོང་སྐྱེད་པའི་མི་ལས། གཡོག་པོ་ཡོད་མཁན་གྱི་མི་རྩིས་མེད་པ་ཞིག་ལེགས།
༡༠ ཆོས་དྲང་པོས་དུད་འགྲོའི་སྲོག་ལ་ཡང་ལྟ། འོན་སྡིག་སྤྱོད་སྙིང་རྗེ་བའང་དབང་ཆོས་ཡིན།
༡༡ སོ་ནམ་འབད་མཁན་བག་ལེབ་ཀྱིས་ཆོག་པར་འགྱུར། ཅོལ་ཆུང་ལ་འབྲང་བ་རྣམས་བློ་གྲོས་ཀྱིས་འཕོངས།
༡༢ སྡིག་སྤྱོད་རང་གི་འདོད་པས་མི་ངན་གྱི་ལིངས་ལ་འགྱུར། ཆོས་དྲང་པོའི་རྩ་བས་འབྲས་བུ་སྐྱེད།
༡༣ སྡིག་སྤྱོད་རང་གི་མཆུའི་འགལ་སྐྱོན་གྱིས་རྙི་ནང་འཚུད་ཀྱང་། མི་དྲང་པོ་སྡུག་བསྔལ་ལས་ཐར་བར་འགྱུར།
༡༤ མི་རང་གི་ཁའི་འབྲས་བུས་ལེགས་པར་ཆོག་པར་འགྱུར། མི་ལ་རང་གི་ལག་གླ་ཡང་སྟེར་བར་འགྱུར།
༡༥ གླེན་པའི་མིག་གིས་རང་གི་ལམ་དྲང་པོར་མཐོང་ཡང་། ཞལ་ཏར་ཉན་པ་ནི་མཁས་པའོ༎
༡༦ གླེན་པའི་ཁོང་ཁྲོ་མྱུར་དུ་མི་ཀུན་གྱིས་མཐོང་གིས། མཛངས་པས་ངོ་ཚ་འགེབས་པར་བྱེད།
༡༧ དྲང་གཏམ་གླེང་བས་དྲང་བ་ཉིད་མངོན་པར་བྱེད་ཀྱང་། རྫུན་གྱི་དཔང་པོས་མགོ་བསྐོར་གཏོང་།
༡༨ རལ་གྲི་སྣུན་འདྲར་ཐབ་ཐོབ་ཏུ་སྨྲ་མཁན་ཡང་ཡོད། འོན་ཀྱང་མི་མཁས་པའི་ལྗགས་ཀྱིས་ནད་སེལ་ལོ༎
༡༩ དྲང་པོའི་མཆུ་གཏན་དུ་གནས། རྫུན་གྱི་ལྕེ་ཡུད་ཙམ་གནས།
༢༠ ཇུས་ངན་རྩོམ་པའི་སྙིང་ནང་ཟོལ་ཟོག་གདའ་ཡང་། སྡུམ་པའི་གྲོས་མི་རྣམས་ཕྱིར་དགའ་མགུ་གདའ།
༢༡ མི་དྲང་པོ་ལ་བར་ཆད་གང་ཡང་མི་འབྱུང་གིས། རྐྱེན་ངན་གྱིས་སྡིག་སྤྱོད་ཁྱབ་པར་འགྱུར།
༢༢ རྫུན་གྱི་མཆུ་ལས་ཡ་ཧོ་ཝཱ་ཞེན་ལོག་ཀྱང་། དྲང་པོར་སྤྱོད་པ་དག་ནི་ཁོང་གི་དགའ་བའོ༎
༢༣ མཛངས་པའི་མིས་རྟོགས་པ་སྦ་ཡང་། གླེན་པའི་མིས་བློ་དམུན་པའི་གཏམ་སྒྲོག
༢༤ བརྩོན་འགྲུས་ཅན་གྱི་ལག་པས་སྲིད་བྱ་ཡང་། ལེ་ལོ་ཅན་དཔྱ་ཁྲལ་འཇལ་མཁན་དུ་འགྱུར།
༢༥ སྙིང་འཚེར་གྱིས་སྙིང་དགུར་དུ་འཇུག་གིས། གཏམ་བཟང་པོས་དགའ་མགུར་འཇུག
༢༦ ཆོས་དྲང་པོས་རང་གི་ཁྱིམ་མཚེས་པའི་ལམ་སྣ་བྱེད་ཀྱིས། སྡིག་སྤྱོད་ཀྱི་ལམ་གྱིས་དེ་དག་འགོལ་སར་འཁྲིད།
༢༧ ལས་མི་སླམ་གྱིས་རང་གི་ཁྱི་རའི་ཤ་ཡང་མི་སླམ་གྱིས། ལས་གདུང་ཅན་གྱི་ནོར་རྫས་རིན་ཐང་ཆེ།
༢༨ དྲང་པོའི་ལམ་ནང་སྲོག་མཆིས་པས། ལམ་རྒྱུད་དེ་ནང་འཆི་བ་རྩད་ནས་མེད༎