དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༡༤༤
ལག་པར་འཐབ་ལུགས་དང་མཛུབ་མོར་སྣོལ་ཚུལ། སློབ་པའི་ངའི་བྲག་ཡཱ་ཝཱེ་བཀྲ་ཤིས་ཤོག༢ ངའི་ཐུགས་རྗེ་ཅན་དང་ངའི་རྫོང་ཁོང་ཡིན། ངའི་མཐོན་པོའི་རྫོང་དང་སྲོག་སྐྱོབ་ཁོང་ཡིན། ངས་བློ་གཏད་བཅོལ་བའི་ངའི་ཕུབ་ཁོང་ཡིན། ང་ཡི་མི་སྡེ་ངའི་འོག་ཁོང་གིས་བཅུག
༣ ཁྱེད་ཡཱ་ཝཱེས་དྲན་པའི་མི་ཡིན་ཅི་ཡིན། ཁྱེད་ཀྱིས་རྩིས་བྱེད་མིའི་བུ་ཡིན་ཅི་ཡིན།
༤ མི་ཧ་འདྲ་མི་ཚེ་ཡོལ་བའི་གྲིབ་འདྲ།
༥ ཀྱེ་ཡཱ་ཝཱེ་གནམ་རྣམས་བཀུག་ནས་མར་ཕེབས། རི་བོ་རྣམས་ལ་ཕྱག་གིས་རེག་མཛོད་དང་། དེ་རྣམས་ལས་དུ་བ་འཐུལ་བར་འགྱུར་རོ༎
༦ གློག་འབེབས་ཤིང་དེ་རྣམས་ཁྲེ་འཐོར་མཛོད་ཅིག ཕྱག་མདའ་བརྒྱབས་ནས་དེ་རྣམས་འཕམ་དུ་མཛོད།
༧ སྟེང་ནས་ཕྱག་རྐྱོང་ཆུ་ཆེན་པོ་རྣམས་སམ། རྒྱལ་ཁམས་པའི་ལག་ལས་ང་སྲུང་ང་སྒྲོལ།
༨ དེ་དག་ཁ་ལས་པྲ་འཆལ་གཏམ་ལབ་ཅིང་། དེ་ཚོའི་ལག་གཡས་རྫུན་གྱི་ལག་གཡས་ཡིན།
༩ ཁྱེད་དཀོན་མཆོག་ལ་ངས་དབྱངས་གསར་ཞིག་དབུལ། རྒྱུད་བཅུའི་པི་ཝང་དང་ཁྱེད་བསྟོད་པར་བྱ།
༡༠ ཁོང་གིས་རྒྱལ་པོ་རྣམས་ཐར་འཇུག་ཉིད་ཀྱི། བྲན་དཱ་བིད་སྲོག་ལེན་རལ་གྲི་ལས་སྲུང་།
༡༡ རྒྱལ་ཁམས་པ་ཡི་ལག་ལས་ང་སྲུང་ང་སྒྲོལ། དེ་དག་ཁ་ལས་པྲ་འཆལ་གཏམ་ལབ་ཅིང་། དེ་ཚོའི་ལག་གཡས་རྫུན་གྱི་ལག་གཡས་ཡིན།
༡༢ ལྗོན་གསར་སྐྱེ་འདྲར་ངེད་ཀྱི་བུ་རྣམས་དང་། མཁར་གྱི་ཟུར་རྡོ་བཞོགས་འདྲ་ངེད་རྣམས་ཀྱི། བུ་མོ་རྣམས་འགྱུར་དུས་དང་ནོར་སྣ་ཚང་།
༡༣ ཡོད་པའི་ངེད་ཀྱི་བང་མཛོད་རྣམས་གང་ཞིང་། ངེད་ཀྱི་ཀླུངས་སུ་སྟོང་ཁྲི་ལུག་འཕེལ་ཞིང་།
༡༤ བ་རྣམས་སྦྲུམ་ཞིང་འཆི་སྐྱུར་མི་འབྱུང་ཞིང་། ལམ་སྲང་རྣམས་ནང་སྨྲེ་སྔགས་སྐད་མེད་ཅིང་།
༡༥ འདི་འདྲ་ཡོད་པའི་མི་སྡེ་སྐྱིད་ཡཱ་ཝཱེ། ཁྱེད་གང་མི་སྡེའི་དཀོན་མཆོག་ཡིན་པ་སྐྱིད༎