དཱ་བིད་ཀྱི་གནས་མཇལ་པའི་མགུར་མ་ཞིག་ནི།
༡༣༣
གཟིགས་ཤིག་སྤུན་རྣམས་སེམས་གཅིག་ནས་གནས་པ། ཇི་ལྟར་ལེགས་ཤིང་ཡིད་དུ་འོང་བ་ལགས།
 འདི་ནི་རིན་ཆེའི་འབྲུ་མར་མགོར་བྱུགས་ཤིང་། སྨ་རའམ་ཨ་རོན་ཞལ་ཚོམ་སྟེང་དུ་དང་། དེ་ཡི་ན་བཟའི་ཟུར་ཐུག་འབབ་དང་འདྲ།
 ཙི་ཨོན་རི་རྣམས་སྟེང་དུ་འབབ་པ་ཡི། ཧེར་མོན་གྱི་ནི་ཟིལ་པ་དང་ཡང་འདྲ། དེ་རུ་ཡཱ་ཝཱེས་བྱིན་རླབས་དང་གཏན་གྱི། གསོན་པ་ཉིད་ནི་གནས་པའི་བཀའ་གནང་ཟིན༎