གནས་མཇལ་པའི་མགུར་མ་ཞིག་ནི།
༡༣༢
ཀྱེ་ཡ་ཧོ་ཝཱ་དཱ་བིད་ཕྱིར་དུ་དེའི། སྡུག་བསྔལ་ཐམས་ཅད་ཐུགས་སུ་དྲོན་དེས་ནི།
 ཡ་ཧོ་ཝཱའི་ཕྱིར་གདན་ས་ཡ་ཀོབ་ཀྱི། མཐུ་ལྡན་ཕྱིར་དུ་གུར་མཆོག་ཅིག་རྙེད་རིང་།
 བདེན་པར་རང་ཁང་གུར་ནང་མི་འཇུག་ཅིང་། ཉལ་ཁྲིའི་སྟེང་དུའང་ཉལ་དུ་མི་འགྲོ་ཞིང་།
 རང་གི་མིག་ལ་གཉིད་ཀྱང་ལོག་མི་འཇུག མིག་ལྤགས་ལ་ཡང་གཉིད་གཡུར་མི་འཇུག་ཅེས།
 ཡ་ཧོ་ཝཱ་ལ་མནའ་བསྐྱལ་ཡ་ཀོབ་ཀྱི། མཐུ་ལྡན་དྲུང་དུ་ཇི་ལྟར་དམ་བཅས་ལྟར།
 ལྟོས་ཨེབ་རད་དུ་ངེད་ཀྱིས་དེའི་གཏམ་ཐོས། ནགས་ཚལ་ཐང་དུ་དེ་དང་ངེད་ཕྲད་བྱུང་།
 ཁོང་གི་གུར་མཆོག་ནང་ངེད་འཇུག་བྱ་ཞིང་། ཁོང་གི་ཞབས་སྟེགས་དྲུང་དུ་ཕྱག་འཚལ་བྱ།
 ཁྱེད་ཀྱི་མཐུ་སྟོབས་སྒྲོམ་བཅས་ཀྱེ་ཡཱ་ཝཱེ། བཞེངས་ཤིང་ཉིད་ཀྱི་གདན་སར་བཞུགས་པར་མཛོད།
 ཁྱེད་ཀྱི་བླ་མས་དྲང་བ་ཉིད་གྱོན་ཞིང་། དམ་པས་དགའ་མགུར་ཀུ་སྒྲ་འདེགས་པར་ཤོག
༡༠ ཁྱེད་ཀྱི་བྲན་པོ་དཱ་བིད་དོན་ཁྱེད་ཀྱི། བྱུགས་པའི་མིའི་ངོ་མ་ཟློག་པར་བདེན་པར།
༡༡ ཡཱ་ཝཱེས་དཱ་བིད་ལ་ནི་དབུ་མནའ་བཞེས། དེ་ལས་མི་འགལ་ཁྱོད་ཀྱི་ཁྲི་ཐོག་ཏུ། ཁྱོད་ཀྱི་བུ་ཞིག་ཁོ་བོས་འཇོག་པར་བྱ།
༡༢ ཁྱོད་ཀྱི་བུ་ཚོས་ང་ཡི་ཞལ་ཆད་སྲུང་། ངས་བསླབ་དཔང་མཛད་སྲུང་ན་དེ་ཚོ་ཡང་། ཁྱོད་ཀྱི་ཁྲི་ཐོག་དུས་རྒྱུན་འཁོད་འོང་གསུངས།
༡༣ ཅི་ལ་ཞེ་ན་ཡཱ་ཝཱེས་ཙི་ཨོན་འདམས། དེ་ནི་ཁོང་གི་གདན་སར་འགྱུར་ཕྱིར་འདམས།
༡༤ གཏན་གྱི་ཕྱིར་དུ་འདི་ངའི་བསྟི་གནས་ཡིན། ངས་འདི་འདམས་པས་འདིར་ང་བཞུགས་པར་བྱ།
༡༥ དེ་ཡི་ཟ་རྒྱུར་བྱིན་རླབས་མང་གནང་ཞིང་། དེ་ཡི་དབུལ་ཕོངས་ཟས་ཀྱིས་ཚིམ་པར་བྱ།
༡༦ དེ་ཡི་བླ་ཚོར་སྐྱབས་ནི་སྐོན་པར་བྱ། དེ་ཡི་དམ་པས་དགའ་མགུས་ཀུ་འདེགས་འོང་།
༡༧ དཱ་བིད་ཕྱིར་དེར་རྭ་ཞིག་སྐྱེར་འཇུག་ཅིང་། ང་ཡི་བྱུགས་པའི་ཕྱིར་དུ་མར་མེ་བསྒྲིགས།
༡༨ ངས་དེའི་དགྲ་ཚོར་ངོ་ཚ་སྐོན་བྱ་ཡང་། དེའི་ཐོག་ཅོད་པན་ལྷག་གེར་ཡོད་པར་འགྱུར༎