༡༡༦
ངའི་འོ་དོད་དང་འཕྲིན་བཅོལ་ཡ་ཧོ་ཝཱས། གསན་པས་ང་ཡིས་ཁོང་ལ་གཅེས་པར་འཛིན།
 དེ་ལྟར་ཁོང་གིས་ང་ལ་སྙན་བཏད་པས། ཚེ་གང་ཁོང་ལ་སྨོན་ལམ་འདེབས་པར་བྱ།
 འཆི་བའི་ཐག་པ་རྣམས་ཀྱིས་ང་བཀྱིག་སྟེ། གཤིན་ཡུལ་ཟུག་གཟེར་བདག་ལ་ཐེབས་གྱུར་ཏེ། ང་ལ་ཉོན་མོངས་སེམས་ཚེར་བྱུང་བ་དང་།
 ཡཱ་ཝཱེའི་མཚན་ནས་བརྗོད་དེ་ཀྱེ་ཡཱ་ཝཱེ། ངའི་སྲོག་སྐྱོབ་པར་མཛད་ཕྱིར་ཞུ་བར་བྱེད།
 ཡཱ་ཝཱེ་ཐུགས་རྗེ་ཅན་དང་ཐུགས་དྲང་ལགས། ངེད་ཀྱི་དཀོན་མཆོག་ཐུགས་རྗེ་ཅན་ལགས་སོ༎
 ཡཱ་ཝཱེས་དྲང་སུམ་མི་རྣམས་སྲུང་བར་མཛད། ང་ནི་ཐུར་དུ་སོང་ཡང་ཁོང་གིས་སྐྱོབ།
 ཀྱེ་ངའི་སེམས་ཁྱོད་ལ་ཡཱ་ཝཱེས་བཀའ་དྲིན། མཛད་པས་རང་གི་སེམས་བདེའི་ནང་སླར་སྡོད།
 དེ་ལྟར་ཁྱེད་ཀྱིས་ངའི་སྲོག་འཆི་བ་དང་། ངའི་མིག་མཆི་མ་དང་ནི་ངའི་རྐང་པ། འདྲེད་པ་ལས་ནི་སྐྱོབ་པར་མཛད་པ་ཡིན།
 གསོན་པོའི་ཡུལ་ནང་ཡཱ་ཝཱེའི་དྲུང་ང་འགྲུལ།
༡༠ ང་ཡིས་དད་པས་འདི་ལྟར་སྨྲ་བར་བྱ། སྡུག་བསྔལ་ཆེན་པོའི་ནང་ང་ཡོད་པ་ཡིན།
༡༡ མི་ཀུན་རྫུན་ཅན་ཡིན་ཞེས་རིངས་པས་སྨྲས།
༡༢ ང་ལ་ཡ་ཧོ་ཝཱ་ལས་བརྙེད་བྱུང་བའི། བཀའ་དྲིན་དེ་ཀུན་གཟོ་རུ་ཅི་ཞིག་འབུལ།
༡༣ ང་ཡིས་སྲོག་སྐྱོབ་ཕོར་པ་ཡར་འདེགས་ཤིང་། ཡཱ་ཝཱེའི་མཚན་ལ་གསོལ་བ་འདེབས་པར་བྱ།
༡༤ ཁོང་གི་མི་སྡེ་ཚང་མའི་མཐོང་ས་རུ། དམ་བཅས་རྣམས་ངས་ཡཱ་ཝཱེར་འབུལ་བར་བྱ།
༡༥ ཡཱ་ཝཱེའི་དམ་པ་དག་གི་འཆི་བ་ནི། ཁོང་གི་གཟིགས་ངོར་རིན་ཐང་ཆེ་བ་ཡིན།
༡༦ ཁྱེད་ཀྱི་བྲན་པོ་ང་ཡིན་ཀྱེ་ཡཱ་ཝཱེ། ཁྱེད་ཀྱི་བྲན་མོའི་བུ་ང་ཁྱེད་བྲན་ཡིན། ངའི་བཀྱིག་ཐག་རྣམས་ཁྱེད་ཀྱིས་བཀྲོལ་མཛད་པས།
༡༧ ཁྱེད་ལ་གཏང་རག་མཆོད་པ་མཆོད་པར་བྱ། ཡཱ་ཝཱེའི་མཚན་ལ་སྨོན་ལམ་འདེབས་པར་བྱ།
༡༨-༡༩ ཁོང་གི་མི་སྡེ་ཡོངས་ཀྱི་མཐོང་ས་རུ། དམ་བཅས་རྣམས་ངས་ཡཱ་ཝཱེར་འབུལ་བར་བྱ། ཡཱ་ཝཱེའི་ཕོ་བྲང་ཁྱམས་ནི་རྣམས་ཀྱི་ནང་། ཡེ་རུ་ཤ་ལེམ་ཀྱེ་ཁྱེད་དབུས་སུ་འོ། ཡ་ཧོ་ཝཱ་ལ་བསྟོད་པར་གྱིས་ཤིག་ཨང་༎