༡༡༤
མི་སེར་གྱི་ཡུལ་ལས་ཨིས་ར་ཨེལ་ལམ། ཡ་ཀོབ་ཀྱི་ཕ་ཚན་སྐད་མི་ཤེས་པའི། མི་སྡེ་ཡི་ནང་ནས་ཐོན་འགྲོ་བའི་དུས།
 ཡ་ཧུ་དཱ་ཁོང་གི་གཙང་ཁང་དང་ནི། ཨིས་ར་ཨེལ་ཁོང་གི་རྒྱལ་སྲིད་གྱུར་པ།
 རྒྱ་མཚོ་ཡིས་མཐོང་ནས་བྲོས་ཡོར་དན་ལོག
 རི་བོ་རྣམས་ནི་ལུག་ཐུག་ལྟར་དུ་དང་། རི་ཕྲན་རྣམས་ལུ་གུ་ལྟར་མཆོང་དཔང་བཏང་།
 ཀྱེ་རྒྱ་མཚོ་ཁྱོད་འབྲོས་པས་ཅི་ཞིག་སོང་། ཡོར་དན་ཁྱོད་ཡར་ལོག་འགྲོ་བས་ཅི་སོང་།
 ཁྱོད་རི་བོ་རྣམས་ལུག་ཐུག་ལྟར་དུ་དང་། རི་ཕྲན་རྣམས་ལུ་གུ་ལྟར་ཅི་ལ་མཆོང་།
 ཀྱེ་ས་གཞི་ཁྱོད་གཙོ་བོའི་ཞལ་ངོའམ། ཡ་ཀོབ་ཀྱི་དཀོན་མཆོག་དྲུང་འདར་བར་བྱོས།
 ཁོང་གིས་ནི་བྲག་ལྡེང་ཀ་རུ་མཛད་ཅིང་། ལྕགས་རྡོ་ནི་ཆུའི་ཆུ་མིག་ཏུ་མཛད་དོ༎