༡༠༥
ཡཱ་ཝཱེའི་མཚན་ལ་འབོད་ཅིང་གཏང་རག་ཕུལ། མི་སྡེ་རྣམས་ཁྲོད་ཁོང་གི་ཕྲིན་ལས་ཤོད།
 ཁོང་ལ་བསྟོད་གླུ་ལེན་ཞིང་བསྟོད་དབྱངས་ཕུལ། ཁོང་གི་ཕྲིན་ལས་ཁྱད་མཚར་ཀུན་གླེང་ཞིང་།
 ཁོང་གི་དམ་པའི་མཚན་ནང་ངོམ་སྟོན་ཞིག ཡཱ་ཝཱེ་འཚོལ་མཁན་སྙིང་རྣམས་ཡི་རངས་ཤོག
 ཡ་ཧོ་ཝཱ་དང་ཁོང་གི་སྟོབས་ཚོལ་ཞིག དུས་རྒྱུན་ཁོང་གི་ཞལ་རས་འཚོལ་བར་བྱོས།
༥-༦ ཁོང་གིས་མཛད་པའི་ཕྲིན་ལས་ཡ་མཚན་རྣམས། ལྟས་དང་ཞལ་གྱི་ཁྲིམས་གཅོད་རྣམས་དྲོན་ཞིག ཁོང་གི་བྲན་ཀྱེ་ཨབ་ར་ཧམ་གྱི་བརྒྱུད། ཁོང་གིས་འདམས་པའི་ཡ་ཀོབ་ཀྱི་བུ་རྣམས།
 ཡ་ཧོ་ཝཱ་ཁོང་ངེད་ཀྱི་དཀོན་མཆོག་ཡིན། ས་ཆེན་ཀུན་ནང་ཁོང་གི་བཀའ་ཐག་གཅོད།
 མི་རབས་སྟོང་དོན་གསུངས་པའི་བཀའ་སྩལ་ལམ། ཉིད་ཀྱི་ཞལ་ཆད་གཏན་ཕྱིར་ཐུགས་སུ་བཞག
 ཨབ་ར་ཧམ་མཉམ་མཛད་པའི་ཞལ་ཆད་དམ། ཨི་སཱག་ལ་ནི་དབུ་མནའ་བཞེས་མཛད་དམ།
༡༠ ཡ་ཀོབ་ཕྱིར་དུ་བཀའ་ཁྲིམས་བརྟན་མཛད་ཅིང་། ཨིས་ར་ཨེལ་ལ་གཏན་གྱི་ཞལ་བཞེས་ཤིང་།
༡༡ ཁྱོད་ཀྱི་ནོར་སྐལ་སྐལ་བར་ཀ་ན་ཨན། ཡུལ་དེ་ང་ཡིས་ཁྱོད་ལ་གནང་འོང་གསུངས།
༡༢ དེ་དུས་དེ་རྣམས་མི་གྲངས་ཉུང་མ་ཟད། ཤིན་ཏུ་ཉུང་ཞིང་རྒྱལ་ཁམས་པ་ཡིན་པས།
༡༣ མི་བརྒྱུད་གཅིག་ནས་གཅིག་གི་ཁྲོད་དུ་དང་། རྒྱལ་ཁམས་གཅིག་ནས་གཅིག་ནང་འཁོར་གྱིན་བསྡད།
༡༤ དེ་ཚོར་མགོ་ནོན་སུ་ལའང་བྱེད་མ་གནང་། རྒྱལ་པོ་རྣམས་ལའང་དེ་ཚོའི་དོན་བཀྱོན་ཞིང་།
༡༥ ཁོ་བོའི་བྱུགས་པ་རྣམས་ལ་ལག་མ་རེག ལུང་སྟོན་པ་ཚོར་གནོད་མ་སྐྱེལ་ཞིག་གསུངས།
༡༦ ཁོང་གིས་ཡུལ་དེར་མུ་གེ་བཀུག་མཛད་དེ། ཟས་ཀྱི་གཏད་སོ་ཐམས་ཅད་མེད་པར་མཛད།
༡༧ མི་དེ་རྣམས་ཀྱི་སྔོན་དུ་མི་ཞིག་བརྫངས། གཉའ་ཡལ་ཕྱིར་དུ་ཡོ་སེབ་བཙོངས་ནས་དེའི།
༡༨ རྐང་པ་སྒྲོག་མཉམ་དེ་ཚོས་སྣད་དུ་བཅུག ལྕགས་སྒྲོག་རྣམས་ཀྱིས་དེ་ནི་བཅིང་ནས་བཞག
༡༩ ཁོང་གི་བཀའ་དེ་མ་གྲུབ་པའི་བར་དུ། ཡཱ་ཝཱེའི་བཀའ་དེས་ཁོང་གི་ཉམས་སད་དོ༎
༢༠ རྒྱལ་པོས་གཡོག་པོ་བཏང་ནས་ཁོང་བཀྲོལ་ཏེ། མི་སྡེ་རྣམས་ཀྱི་བདག་པོས་ཁོང་ཐར་བཅུག
༢༡ རང་གི་ཁབ་ཀྱི་གཙོ་ཆེ་ཁོང་བྱས་ཏེ། རྒྱུ་ནོར་ཚང་མའི་དཔོན་པོར་ཁོང་བྱས་སོ༎
༢༢ རང་དགར་སྐུ་དྲག་འཆིང་ཞིང་རྒན་རབས་ལ། ཤེས་རབ་སློབ་ཏུ་དེ་ལྟར་བྱས་པ་ཡིན།
༢༣ ཨིས་ར་ཨེལ་ཡང་མི་སེར་དུ་འོངས་ཏེ། ཧམ་ཡུལ་ཡ་ཀོབ་རྒྱལ་ཁམས་པར་ལུས་སོ༎
༢༤ ཉིད་ཀྱི་མི་སྡེ་ལྷག་པར་འཕེལ་བཅུག་ནས། དེ་ཚོའི་དགྲ་བོ་རྣམས་ལས་ཤེད་ཅན་མཛད།
༢༥ ཉིད་ཀྱི་མི་སྡེར་སྡང་ཞིང་བྲན་རྣམས་ལ། ཟོལ་ཟོག་མཛད་ཕྱིར་དེ་ཚོའི་སྙིང་བསྒྱུར་ཏོ༎
༢༦ ཁོང་གིས་ཉིད་ཀྱི་བྲན་པོ་མོ་ཤེ་དང་། ཁོང་གིས་འདམས་པའི་ཨ་རོན་རྣམས་བརྫངས་ནས།
༢༧ དེ་ཚོས་དེ་དག་ཁྲོད་དུ་ལྟས་རྣམས་དང་། ཧམ་གྱི་ཡུལ་ནང་ངོ་མཚར་ཆེ་རྣམས་བསྟན།
༢༨ ཁོང་གིས་སྨག་རུམ་གནང་ནས་མུན་འཐིབ་བྱས། ཁོང་གི་བཀའ་རྣམས་དེ་ཚོས་མ་བཅག་གོ།
༢༩ ཁོང་གིས་དེ་ཚོའི་ཆུ་རྣམས་ཁྲག་ཏུ་བསྒྱུར། དེ་ནས་དེ་ཚོའི་ཉ་རྣམས་སྲོག་དང་ཕྲལ།
༣༠ ཡུལ་དང་རྒྱལ་པོའི་སྟེང་ཁང་སྦལ་པས་གང་།
༣༡ ཁོང་གིས་བཀའ་གནང་མཛད་པས་རྟ་སྦྲང་དང་། ཉེ་འཁོར་ཐམས་ཅད་སྦྲང་བུས་ཁེངས་གྱུར་ཏོ༎
༣༢ ཆར་པའི་ཚབ་ཏུ་དེ་ཚོར་སེར་བ་ཕབ། དེ་ཚོའི་ཡུལ་དུ་འཁྱུག་པའི་མེ་ལྕེ་ཕབ།
༣༣ དེ་ཚོའི་རྒུན་ཤིང་སེ་ཡབ་ཤིང་ཡང་བརྡབས། ས་མཚམས་རྣམས་ཀྱི་ཤིང་རྣམས་བཅག་པར་མཛད།
༣༤ ཁྱེད་ཀྱིས་བཀའ་བཀོད་མཛད་པས་གྲངས་མེད་པའི། ཆ་ག་འབུ་དང་སྲིན་བུ་རྣམས་བྱུང་ནས།
༣༥ ཡུལ་གྱི་སྔོ་ཚོད་ཐམས་ཅད་ཟ་བར་བྱས། དེ་ཚོའི་ས་གཞིའི་ལོ་ཐོག་རྣམས་ཟོས་སོ༎
༣༦ དེ་ཚོའི་ལུས་སྟོབས་ཧྲིལ་པོའི་ཕུད་ཡིན་པའི། ཡུལ་གྱི་སྔོན་སྐྱེས་ཀུན་ཡང་ཁོང་གིས་བསད།
༣༧ དེ་རྣམས་གསེར་དངུལ་དང་བཅས་བཏོན་མཛད་ཅིང་། ཁོང་གི་སྡེའི་ནང་རྒུད་པོ་གཅིག་ཀྱང་མེད།
༣༨ མི་སེར་པའི་ཐོག་བབས་པའི་འཇིགས་པས་རྐྱེན། དེ་རྣམས་སོང་བས་ཁོ་རྣམས་སེམས་འཐད་སོང་།
༣༩ ཁེབས་ཀྱི་ཕྱིར་དུ་སྤྲིན་ཞིག་བརྐྱང་མཛད་དེ། མཚན་མོར་འོད་ཀྱི་ཕྱིར་དུ་མེ་བསྩལ་མཛད།
༤༠ དེ་ཚོས་ཞུས་པས་སྲེག་པ་རྣམས་དྲངས་ཏེ། ནམ་མཁའི་ཟས་ཀྱིས་དེ་རྣམས་འགྲངས་པར་མཛད།
༤༡ ཁོང་གིས་བྲག་ཧྲལ་ཆུ་རྣམས་རྡོལ་བྱུང་ནས། ཐང་སྐམ་ནང་དུ་གཙང་པོ་ལྟར་དུ་བརྒྱུགས།
༤༢ ཁོང་བྲན་ཨབ་ར་ཧམ་དང་ཁོང་ཉིད་ཀྱི། དམ་པའི་བཀའ་དེ་དྲན་པས་དེ་ལྟར་མཛད།
༤༣ ཁོང་གི་མི་སྡེ་དགའ་ཞིང་འདམས་པ་རྣམས། གླུ་དབྱངས་བླང་གིན་ཁོང་གིས་ཕྱིར་བཏོན་མཛད།
༤༤ མི་རིགས་སོ་སོའི་ཡུལ་རྣམས་གནང་མཛད་པས། མི་སྡེ་སོ་སོས་འབད་པ་དེ་ཚོས་བཟུང་།
༤༥ དེ་རྣམས་ཁོང་གི་སྤྱད་མཚམས་སྲུང་བ་དང་། ཁོང་གི་བཀའ་ཁྲིམས་རྣམས་ནི་སྲུང་ཕྱིར་གནང་། ཡ་ཧོ་ཝཱ་ལ་བསྟོད་པར་གྱིས་ཤིག་ཨང་༎