༡༠༤
ཡ་ཧོ་ཝཱར་ཀྱེ་ངའི་སེམས་བཀྲ་ཤིས་ཞུས། ང་ཡི་དཀོན་མཆོག་ཡཱ་ཝཱེ་ཁྱེད་ཤིན་ཏུ་ཆེ། ཁྱེད་ཀྱིས་དཔལ་དང་བཀུར་སྟིའི་ན་བཟའ་གསོལ།༢ འོད་ནི་ན་བཟའ་ལྟར་དུ་སྐུ་ལ་གསོལ། གནམ་རྣམས་ཐོག་ཡོལ་ལྟར་དུ་ཐར་བརྐྱངས་སོ༎
༣ ཁོང་གི་སྟེང་ཁང་གདུང་མ་ཆུ་ཐོག་འཇོག སྤྲིན་རྣམས་ཁོང་ཉིད་ཀྱི་ནི་ཤིང་རྟར་མཛད། རླུང་གི་འདབ་ཤོག་རྣམས་ཀྱི་སྟེང་དུ་ཕེབས།
༤ རླུང་རྣམས་ཉིད་ཀྱི་བང་ཆེན་དུ་མཛད་ཅིང་། ཁོང་གི་ཞབས་ཕྱི་རྣམས་ནི་མེ་ལྕེར་མཛད།
༥ དུས་རྒྱུན་གཡོ་བར་མི་འགྱུར་བའི་ཕྱིར་དུ། ཉིད་ཀྱི་མ་གདན་སྟེང་དུ་ས་གཞི་བཞག
༦ གོས་གཡོག་ལྟར་དེ་རྒྱ་མཚོས་གཡོགས་མཛད་པས། ཆུ་རྣམས་རི་བོ་རྣམས་ལས་མཐོ་བར་སོང་།
༧ ཁྱེད་ཀྱིས་བཀའ་བཀྱོན་མཛད་པས་དེ་དག་བྲོས། ཁྱེད་ཀྱི་འབྲུག་སྒྲའི་རྐྱེན་གྱིས་རིངས་པས་སོང་།
༨ ཁྱེད་ཀྱིས་དེ་ཕྱིར་བཤམས་པའི་གནས་སུ་བསླེབས། རི་རྣམས་ཡར་ཐོན་ལུང་པ་རྣམས་མར་བབས།
༩ ཡང་སྐྱར་ས་གཞི་འགེབས་པར་མི་བྱའི་ཕྱིར། དེ་རྣམས་མི་འཐལ་ཕྱིར་དུ་ས་མཚམས་མཛད།
༡༠ གྲོག་པོ་རྣམས་ཕྱིར་ཆུ་མིག་རྒྱུག་འཇུག་པས། དེ་རྣམས་རི་བོ་རྣམས་ཀྱི་གསེབ་ནས་རྒྱུག
༡༡ རི་ཡི་རི་དྭགས་དེ་རྣམས་ལས་འཐུང་སྟེ། རྐྱང་གིས་རང་གི་སྐོམ་ངོ་ཆོག་པར་བྱེད།
༡༢ དེ་ཡི་ཉེ་འཁོར་གནམ་གྱི་བྱ་རྣམས་གནས། ཡལ་གའི་གསེབ་ནས་དེ་དག་གིས་གླུ་ལེན།
༡༣ ཁོང་གི་སྟེང་ཁང་རྣམས་ནས་རི་རྣམས་འཆུ། ཁྱེད་ཀྱིས་མཛད་པའི་འབྲས་བུས་ས་ཆེན་འགྲང་།
༡༤ ས་ལས་ཟ་རྒྱུ་སྐྱེད་པར་མཛད་པའི་ཕྱིར། དུད་འགྲོ་རྣམས་ཀྱི་ཕྱིར་དུ་རྩྭ་སྐྱེས་འཇུག མི་ལ་ཕན་པའི་སྔོ་ཚོད་སྐྱེ་རུ་འཇུག
༡༥ མིའི་སྙིང་སྐྱིད་པར་བྱེད་པའི་རྒུན་ཆང་དང་། ངོ་གདོང་ལྷག་ལྷག་བྱེད་པའི་སྣུམ་རྩི་དང་། མི་ལ་སྙིང་སྟོབས་སྟེར་བའི་ཁ་ཟས་ཡིན།
༡༦ ཡཱ་ཝཱེས་ལི་བ་ནོན་དུ་བཙུགས་མཛད་པའི། ཤུག་སྡོང་རྣམས་སམ་ཁོང་གི་ཤིང་རྣམས་ཚིམས།
༡༧ དེ་རུ་འདབ་ཆགས་རྣམས་ཀྱིས་ཚང་བྱེད་ཅིང་། སོམ་ཤིང་རྣམས་ནི་ཁྲ་ནི་དཀར་པོའི་གནས།
༡༨ རི་མཐོན་པོ་རྣམས་སྐྱིན་གྱི་ཕྱིར་དུ་ཡིན། བྲག་རྣམས་འཕྱི་བ་རྣམས་ནི་ཡིབ་ཕྱིར་ཡིན།
༡༩ དུས་རྣམས་ཤེས་ཕྱིར་ཁོང་གིས་ཟླ་བ་བཞག ཉི་མས་དེ་རང་ནུབ་པའི་ས་ཆ་ཤེས།
༢༠ ཁྱེད་ཀྱིས་མུན་པ་མཛད་པས་མཚན་མོར་འགྱུར། དེ་དུས་ནགས་ཀྱི་གཅན་གཟན་ཐམས་ཅད་འཐོན།
༢༡ སེང་དར་མ་རྣམས་ལིངས་ཕྱིར་ངར་སྐད་འདོན། དཀོན་མཆོག་ལས་ནི་རང་ཕྱིར་ཁ་ཟས་སློང་།
༢༢ ཉི་མ་ཤར་བ་ཙམ་གྱིས་དེ་རྣམས་ནི། རང་གི་ཚང་གི་ནང་དུ་ཉལ་དུ་འགྲོ།
༢༣ མི་ནི་རང་གི་ལས་བྱེད་དགོངས་མོའི་བར། འབད་འགྱེད་བྱེད་དུ་ཕྱི་རོལ་འཐོན་པར་བྱེད།
༢༤ ཡཱ་ཝཱེ་ཁྱེད་ཀྱི་ཕྲིན་ལས་ཇི་ལྟར་མང་། ཁྱེད་ཀྱིས་དེ་ཀུན་མཁས་པས་བཀོད་པར་མཛད། ས་གཞི་ཁྱེད་ཀྱི་ནོར་གྱིས་གང་ནས་འདུག
༢༥ ཕར་ན་རྒྱ་མཚོ་ཆེ་བ་ཞིང་ཆེའི་ནང་། སེམས་ཅན་ཆེ་ཆུང་གྲངས་མེད་འཕྱོ་བར་བྱེད།
༢༦ གྲུ་གཟིགས་དེར་འགྲོ་ཁྱེད་ཀྱིས་བཀོད་མཛད་པའི། ལེ་ཝི་ཡཱ་ཐན་དེ་རུ་གཡེངས་པ་རྩེད།
༢༧ དུས་སུ་ཁྱེད་ཀྱིས་ཟ་རྒྱུ་གནང་བའི་ཕྱིར། དེ་དག་ཐམས་ཅད་ཁྱེད་ལ་སྒུག་པར་བྱེད།
༢༨ ཁྱེད་ཀྱིས་ཅི་གནང་དེ་ཚོས་སྡུད་པར་བྱེད། ཁྱེད་ཕྱག་འབྱེད་ཙམ་དེ་རྣམས་ལེགས་པོས་འགྲང་།
༢༩ ཁྱེད་ཞལ་སྦ་ན་དེ་རྣམས་སྙོན་མོངས་སོ། ཁྱེད་ཀྱིས་དེ་ཚོའི་དབུགས་ནི་འཁྱེར་མཛད་པས། དེ་རྣམས་འཆི་ཞིང་སླར་ཡང་ཐལ་བར་འགྱུར།
༣༠ ཁྱེད་ཀྱིས་དབུག་ནི་གནང་བས་དེ་དག་སྐྱེ། ས་གཞིའི་ངོས་ནི་སྐྱར་ནས་གསར་པར་མཛད།
༣༡ ཡཱ་ཝཱེའི་མཚན་གྲགས་གཏན་དུ་གནས་པར་ཤོག ཡཱ་ཝཱེ་ཉིད་ཀྱི་མཛད་པ་ལ་དགྱེས་ཤོག
༣༢ ཁོང་གིས་ས་གཞིར་གཟིགས་པས་དེ་ནི་འདར། རི་བོ་རྣམས་ལ་རེག་པས་དུད་པ་འཐོན།
༣༣ ང་ཚེ་འཚོ་རིང་ཡཱ་ཝཱེར་དབྱངས་འབུལ་ཞིང་། གསོན་རིང་ངའི་དཀོན་མཆོག་ལ་བསྟོད་དབྱངས་དབུལ།
༣༤ ང་ཡི་བསམ་པར་ཁོང་ཐུགས་མཉེས་པར་ཤོག ཡཱ་ཝཱེའི་ནང་དུ་ང་ཡི་རང་བར་བྱ།
༣༥ སྡིག་ཅན་མི་རྣམས་ས་ལས་ནུབ་པར་ཤོག ད་ཕྱིན་སྡིག་སྤྱོད་ལུས་པར་མ་གྱུར་ཅིག ཡ་ཧོ་ཝཱར་ཀྱེ་ངའི་སེམས་བཀྲ་ཤིས་ཞུས། ཡ་ཧོ་ཝཱ་ལ་བསྟོད་པར་གྱིས་ཤིག་ཨང་༎