དབུ་མཛད་ལ་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༣༡
ཡཱ་ཝཱེ་ཁྱེད་ལ་བདག་གིས་བློ་གཏོད་པས། ནམ་ཡང་ངའི་ངོ་ཚ་རུ་འཇུག་མ་མཛད། ཁྱེད་ཀྱི་དྲང་བ་ཉིད་ནང་ང་སྐྱོབས་ཤིག
 ཁྱེད་སྙན་བཏུད་དེ་མགྱོགས་པ་ང་སྐྱོབས་ཤིག ཁྱེད་ཉིད་ངའི་ཕྱིར་བྲག་རི་བརྟན་པོ་དང་། སྐྱོབ་པར་བྱེད་པའི་སྐྱབས་གནས་ལ་གྱུར་ཤོག
 ཁྱེད་ངའི་བྲག་དང་ངའི་རྫོང་ཡིན་པས་ན། ཁྱེད་ཀྱི་མཚན་ཕྱིར་འཁྲིད་ཅིང་ལམ་སྣ་མཛོད།
 ཁྱེད་ནི་བདག་གི་རྫོང་བཙན་ཡིན་པའི་ཕྱིར། དེ་ཚོས་སྦས་བཞག་རྙི་ལས་བདག་འདོན་མཛོད།
 བདག་གིས་རང་སེམས་ཁྱེད་ཀྱི་ཕྱག་ཏུ་འབུལ། བདེན་པའི་དཀོན་མཆོག་ཡཱ་ཝཱེས་བདག་ལ་བསྐྱབས།
 རྫུས་མའི་རྟེན་ལ་བརྟེན་པར་ངས་སྡང་ཡང་། ཡ་ཧོ་ཝཱ་ལ་ང་ཡིས་བློ་བཏད་ཡོད།
 བདག་གི་སྡུག་བསྔལ་ཁྱེད་ཀྱིས་གཟིགས་ཏེ་ཡོད། བདག་གི་སེམས་སྡུག་ཁྱེད་ཀྱིས་མཁྱེན་ཡོད་པས། ཁྱེད་ཀྱི་སྙིང་རྗེ་ཕྱིར་དུ་དགའ་མགུ་འོང་།
 དགྲའི་ལག་བཙོན་ནང་མ་གནང་བར་ཁྱེད་ཀྱིས། བདག་གི་རྐང་པ་ཡངས་པའི་སར་བཞག་མཛད།
 བདག་ནི་བསྔལ་བས་ཡཱ་ཝཱེ་སྙིང་རྗེ་མཛོད། ཚེར་ཀས་ང་ཡི་མིག་དང་ལུས་སེམས་རྒས།
༡༠ ངའི་ཚེ་སྡུག་དང་ལོ་རྣམས་འཁུན་ཞིང་ཚར། ཉེས་པའི་རྐྱེན་གྱིས་ཤེད་ཆག་རུས་པ་སྐམས།
༡༡ དགྲ་ཀུན་རྐྱེན་གྱིས་ཁྱིམ་མཚེས་ཕྱིར་དུ་ང་། སྨད་སྒྲ་དང་ངོ་ཤེས་ཕྱིར་འཇིགས་པར་གྱུར། ཕྱི་རོལ་ང་མཐོང་མཁན་རྣམས་འབྲོས་ནས་སོང་།
༡༢ གཤིན་པོ་ལྟར་དུ་ང་ནི་སེམས་ལས་བརྗེད། ང་ནི་རྫ་ཆག་ཅིག་དང་འདྲ་བར་གྱུར།
༡༣ མང་པོས་གཏམ་ངན་སྒྲོག་པ་ངས་ཐོས་པས། འཇིགས་པ་ཕྱོགས་ནི་ཐམས་ཅད་དུ་འདུག་གོ། དེ་རྣམས་ཕྱོགས་གཅིག་འདུས་ནས་གྲོས་བྱེད་དུས། བདག་གི་སྲོག་དེ་གཅོད་པའི་བྱུས་བྱས་ཀྱང་།
༡༤ ཡཱ་ཝཱེ་ཁྱེད་ལ་བདག་གིས་བློ་བཏད་དེ། ཁྱེད་ངའི་དཀོན་མཆོག་ལགས་སོ་སྨྲས་པ་ཡིན།
༡༥ བདག་གི་ཚེའི་དུས་ཁྱེད་ཀྱི་ཕྱག་ཏུ་ཡོད། དགྲ་དང་འཚེ་མཁན་རྣམས་ལས་བདག་སྐྱོབས་ཤིག
༡༦ ཁྱེད་ཀྱི་བྲན་པོར་ཞལ་གདངས་སྣང་བར་མཛོད། ཁྱེད་ཀྱི་བྱམས་ཐུགས་ནང་ནས་ང་སྐྱོབ་མཛོད།
༡༧ ཡཱ་ཝཱེ་ཁྱེད་ལ་འོ་དོད་ངས་བོས་པས། བདག་ནི་ཁྲེལ་བར་འགྱུར་དུ་མ་ཆུག་ཅིག སྡིག་སྤྱོད་ཁ་སྐྱེངས་དུར་ནང་ཁ་རོག་ཤོག
༡༨ ང་རྒྱལ་སྡང་སེམས་ནང་ནས་མི་དྲང་པོར། རང་མཐོང་གཏམ་བྱེད་རྫུན་མཆུ་ཁ་ལྐུགས་ཆུག
༡༩ ཁྱེད་ལ་འཇིགས་མཁན་རྣམས་ཕྱིར་བཞག་མཛད་པའི། ཁྱེད་ཀྱི་བཀའ་དྲིན་ཇི་ལྟར་ཆེ་བ་འདུག དེ་ནི་ཁྱེད་ལ་སྐྱབས་སུ་འགྲོ་མཁན་ཕྱིར། མི་ཡི་བུ་རྣམས་མཐོང་ངོར་བཤམས་པར་མཛད།
༢༠ མི་ཡི་བྱུས་ངན་དག་ནས་དེ་རྣམས་ནི། ཁྱེད་དྲུང་ཡོལ་བའི་ནང་དུ་སྦ་བར་འགྱུར། ཁ་འཁྲབ་དག་ལས་གནམ་ཡོལ་འོག་སྦ་འོང་།
༢༡ གྲོང་ཁྱེར་བརྟན་པོར་ཁྱེད་ཀྱི་བྱམས་ཧ་ལས། བདག་ལ་བསྟན་པས་ཡཱ་ཝཱེར་བཀྲ་ཤིས་བརྗོད།
༢༢ རིངས་པས་ཁྱེད་དྲུང་ནས་ང་བཅད་བྱུང་སྨྲས། འོན་ངས་བོས་དུས་ཁྱེད་ཀྱིས་ཞུ་སྐད་གསན།
༢༣ ཁོང་གི་དམ་པ་ཐམས་ཅད་ཡཱ་ཝཱེར་ཚོགས། ཡཱ་ཝཱེས་བློ་དྲང་རྣམས་ནི་བསྲུང་མཛད་ཅིང་། ང་རྒྱལ་ཅན་ལ་ལས་འབྲས་མང་གནང་འོང་།
༢༤ ཡཱ་ཝཱེར་རེ་བ་བྱེད་པ་ཁྱེད་ཚང་མ། རེམ་པར་གྱུར་ཤོག་སྙིང་སྟོབས་སྐྱེད་པར་ཤོག།