དབུ་མཛད་ལ་ཡཱ་ཝཱེའི་བྲན་པོ་དཱ་བིད་ཀྱིས་གསུང་མགུར་འདིའི་ཚིག་རྣམས་ནི། ཡཱ་ཝཱེས་དེ་ནི་དགྲ་བོ་ཐམས་ཅད་དང་ཤ་ཨུལ་གྱི་ལག་པ་ལས་སྐྱོབ་པར་མཛད་པའི་ཉིན་མོར་ཡཱ་ཝཱེར་ཞུས་པ་ཞིག་ནི།
༡༨
ཁྱེད་ངའི་སྟོབས་ཀྱི་ཡཱ་ཝཱེར་ངས་ནི་གཅེས་པར་འཛིན།  ང་ཡི་བྲག་དང་རྫོང་དང་སྲོག་སྐྱོབ་ཡཱ་ཝཱེ་ཡིན། ང་ཡི་དཀོན་མཆོག་ང་ཡི་བྲག་ལ་བློ་བཏད་བྱ། ཀྱེ་ངའི་ཕུབ་དང་ངའི་སྐྱབས་ཀྱི་རྭ་དང་ངའི་སྤེའུ།
 བསྟོད་པར་འོས་པའི་ཡཱ་ཝཱེར་ང་ཡིས་འབོད་པ་དང་། བདག་གི་དགྲ་བོ་ཀུན་ལས་ང་ནི་ཐར་བར་འགྱུར།
 འཆི་བའི་ཐག་པ་རྣམས་ཀྱིས་ང་ནི་བསྐོར་བར་བྱས། སྡིག་སྤྱོད་མི་ཡི་ཆུ་ལོག་གིས་ང་འཇིགས་པར་བྱས།
 བདག་གི་ཕྱོགས་བཞིར་གཤིན་ཡུལ་ཐག་པ་ཡོད་པ་ཡིན། འཆི་བའི་རྙི་རྣམས་བདག་གི་སྟེང་དུ་བབས་པ་དང་།
 བདག་གི་སེམས་སྡུག་ནང་ནས་ཡཱ་ཝཱེར་བོས་པ་ཡིན། རང་གི་དཀོན་མཆོག་ཁོང་ལ་འོ་དོད་བཏང་བ་ཡིན། ཁོང་ཉིད་མཆོད་ཁང་ནང་ནས་བདག་གི་སྐད་གསན་ཏེ། ཁོང་དྲུང་བཏོན་པའི་འོ་དོད་སྙན་དུ་ཆུད་པ་དང་།
 ས་གཞི་འགུལ་ཞིང་འདར་ཏེ་རིའི་རྨང་རྣམས་གཡོས་ནས། ཁོང་ཐུགས་ཁྲོས་པའི་རྐྱེན་གྱིས་འགུལ་བར་བྱས་པ་ཡིན།
 ཁོང་གི་ཤངས་ཁུང་ནང་ནས་དུ་བ་ཞིག་ཐོན་བྱུང་། ཞལ་ནས་ཞུགས་མེ་ཐོན་ཏེ་བསྲེགས་ཅིང་སོལ་བར་འབར།
 ཁོང་གིས་ནམ་མཁའ་ཡང་ནི་བསྐུམས་ནས་མར་བབས་ཏེ། ཁོང་གི་ཞབས་འོག་མུན་ནག་མུན་འཁྲིགས་ཡོད་པ་ཡིན།
༡༠ ཀེ་རུབ་ཅིག་ལ་བཅིབས་ནས་འཕུར་བར་མཛད་ཅིང་ཁོང་། རླུང་གི་འདབ་ཤོག་སྟེང་ནས་མགྱོགས་པ་འཕུར་བར་བྱས།
༡༡ ཁོང་ཉིད་ཡིབ་ས་དང་ནི་གནམ་ལིང་ཕྱོགས་བཞི་རུ། མུན་པ་གནམ་གྱི་ཆུ་སྤྲིན་ནག་པོའི་སྨག་རུམ་མཛད།
༡༢ ཁོང་གི་ཞལ་ངོའི་མདངས་ཀྱིས་སྤྲིན་ནག་ནང་ངོས་ནས། སེར་བ་དང་ནི་སོལ་བའི་མེ་རྣམས་འཐོན་བྱུང་ངོ་༎
༡༣ ཡཱ་ཝཱེས་ནམ་མཁའ་རྣམས་ནང་འབྲུག་སྒྲའང་ལྡིར་དུ་བཅུག བླ་ན་མེད་པའི་སྐད་ཀྱིས་སེར་བ་སོལ་མེ་ཐོན།
༡༤ ཉིད་ཀྱི་མདའ་རྣམས་ཕངས་ནས་དེ་རྣམས་ཁྲེ་ཐོར་བྱས། གནམ་གྱི་ཐོག་ཀྱང་མང་ཙམ་ཕབ་ནས་དེ་རྣམས་བཅོམས།
༡༥ དེ་ནས་ཡཱ་ཝཱེ་ཁྱེད་ཀྱི་བཀའ་བཀྱོན་དང་ཁྱེད་ཀྱི། ཤངས་དབུགས་ཤུགས་ཀྱིས་གཙང་པོ་རྣམས་ཀྱི་མཐིལ་སྣང་བྱུང་། འཇིག་རྟེན་རྨང་རྣམས་མངོན་པར་སྣང་བར་གྱུར་བྱུང་ངོ་༎
༡༦ ཁོང་གིས་སྟེང་ནས་བསྩལ་ཏེ་ང་ལ་འཐམ་པར་བྱས། ཆུ་མང་རྣམས་ཀྱི་ནང་ནས་ཁོང་གིས་ང་བཏོན་བྱུང་།
༡༧ ང་ལས་ཤིན་ཏུ་རེམ་པའི་དགྲ་བོ་ཤེད་ཅན་དང་། ང་ལ་འཁོན་དུ་འཛིན་པ་རྣམས་ལས་ང་བསྐྱབས་སོ༎
༡༨ ང་ནི་སྡུག་པའི་ཞག་ལ་དེ་རྣམས་ང་ལ་རུབས། འོན་ཀྱང་ཡ་ཧོ་ཝཱ་ཁོང་ངའི་བསྐྱབས་ཡོད་པ་ཡིན།
༡༩ ཁོང་གིས་ས་ཆ་ཡངས་པོར་བདག་བཏོན་བྱུང་ཁོང་ནི། ང་ལ་ཐུགས་མཉེས་ཡོད་པས་ང་ནི་སྐྱོབ་པ་ཡིན།
༢༠ ཡཱ་ཝཱེས་བདག་གི་སེམས་དྲང་བཞིན་དུ་རྔན་པ་བསྩལ། བདག་གི་ལག་པ་གཙང་དང་བསྟུན་པའི་ལན་གནང་བྱུང་།
༢༡ ཅི་ལ་བདག་གིས་ཡཱ་ཝཱེའི་ལམ་རྣམས་བསྲུངས་པ་ཡིན། ལོག་པར་བྱས་ནས་རང་གི་དཀོན་མཆོག་ངས་མ་བསྐྱུར་པས།
༢༢ ཁོང་གི་བཀའ་ཁྲིམས་ཚང་མ་ངའི་མདུན་ཡོད་པ་ཡིན། ཁོང་གི་སྤྱད་མཚམས་རྣམས་ནི་ང་ཡིས་སྤངས་པ་མིན།
༢༣ ཁོང་དྲུང་ང་ནི་ཕུན་སུམ་ཚོགས་པའང་ཡོད་པ་ཡིན། རང་གི་ཉེས་སྐྱོན་རྣམས་ལས་ང་རང་བསྲུངས་པས་ན།
༢༤ བདག་གི་དྲང་བ་ཉིད་དང་མཚུངས་པའི་ཚབ་གནང་བྱུང་། ཁོང་དྲུང་ངའི་ལག་གཙང་དང་བསྟུན་པའི་ལན་གནང་བྱུང་།
༢༥ སྙིང་རྗེ་ཅན་མཉམ་ཁྱེད་ཀྱང་སྙིང་རྗེ་ཅན་འགྱུར་འོང་། མཐར་དུ་ཕྱིན་མཉམ་ཁྱེད་ཀྱང་མཐར་ཕྱིན་ཡིན་པར་འགྱུར།
༢༦ སེམས་པ་གཙང་མཉམ་ཁྱེད་ཀྱང་ཐུགས་གཙང་ཡིན་པར་འགྱུར། ལོག་པར་ཅན་མཉམ་ཁྱེད་ཀྱང་ལོག་པར་འགྱུར་འོང་བས།
༢༧ སྡུག་བསྔལ་ཅན་གྱི་མི་རྣམས་ཁྱེད་ཀྱིས་སྐྱོབ་འགྱུར་ཡང་། ང་རྒྱལ་ཅན་གྱི་མིག་རྩ་ཐུར་དུ་འབེབས་པར་འགྱུར།
༢༨ དེའི་ཕྱིར་ཁྱེད་ཀྱིས་བདག་གི་སྒྲོན་མེ་སྤར་བར་འགྱུར། བདག་གི་དཀོན་མཆོག་ཡཱ་ཝཱེས་ང་ཡི་མུན་ནག་སེལ།
༢༩ ཁྱེད་མཉམ་ང་ནི་དམག་དཔུང་ཐོག་ཏུ་རྒྱུག་པར་བྱེད། བདག་གི་དཀོན་མཆོག་མཉམ་དུ་ལྕགས་རིར་རྒྱང་མཆོང་བྱེད།
༣༠ འོན་ཀྱང་དཀོན་མཆོག་ཁོང་གི་ལམ་ནི་ཕུན་སུམ་ཚོགས། ཡ་ཧོ་ཝཱ་ཡི་བཀའ་ནི་ལྷད་མེད་བརྟགས་པ་ཡིན། ཁོང་ལ་བློ་གཏད་བཅོལ་མཁན་ཀུན་གྱི་ཕུབ་ཁོང་ཡིན།
༣༡ དེས་ན་ཡཱ་ཝཱེ་མ་གཏོགས་དཀོན་མཆོག་གཞན་སུ་ཡོད། ངེད་ཀྱི་དཀོན་མཆོག་མིན་པ་བྲག་གཞན་སུ་ཞིག་ཡོད།
༣༢ སྟོབས་ཀྱི་སྐ་རགས་ང་ལ་དཀོན་མཆོག་གིས་འཆིང་ཤིང་། བདག་གི་ལམ་ནི་ཁོང་གིས་ཕུན་སུམ་ཚོགས་པར་མཛད།
༣༣ ཤྭ་བའི་རྐང་འདྲ་ཁོང་གིས་ངའི་རྐང་པ་མཛད་དེ། བདག་གི་མཐོ་གནས་རྣམས་སུ་བདག་ནི་འཇོག་པར་མཛད།
༣༤ འཐབ་མོ་འགྱེད་ལུགས་བདག་གི་ལག་པར་སློབ་མཛད་པས། ང་ཡི་ཕྲག་པས་ར་གན་གཞུ་མོ་སྐྱིལ་བར་བྱེད།
༣༥ ཁྱེད་ཀྱི་སྐྱབས་ཀྱི་ཕུབ་ཀྱང་ང་ལ་གནང་མཛད་དེ། ཁྱེད་ཀྱི་ཕྱག་གཡས་པ་ཡིས་ང་ལ་འཐམ་པར་མཛད། ཁྱེད་ཀྱི་འཇམ་པ་ཉིད་ཀྱིས་བདག་ནི་ཆེན་པོར་མཛད།
༣༦ ངའི་འོག་གོམ་པ་རྒྱབ་ས་ཁྱེད་ཀྱིས་ཡངས་པར་མཛད། བདག་གི་རྐང་པ་ཡང་ནི་འདྲེད་པར་མ་གྱུར་ཏོ༎
༣༧ བདག་གིས་དགྲ་བོ་རྣམས་ལ་དེད་ནས་འཛིན་པར་བྱ། དེ་རྣམས་ཚར་མ་བཅད་པར་དུ་ང་ལོག་མི་འོང་།
༣༨ ལང་བར་མི་ནུས་བར་དུ་དེ་ཚོར་བསྣུན་པར་བྱ། དེ་ནས་དེ་རྣམས་བདག་གི་རྐང་འོག་ལྟུང་བར་འགྱུར།
༣༩ འཐབ་ཕྱིར་བདག་ལ་ཁྱེད་ཀྱིས་སྟོབས་ཀྱི་སྐ་རགས་བཅིངས། ངའི་དགྲར་ལང་མཁན་རྣམས་ནི་ཁྱེད་ཀྱིས་ངའི་འོག་བཅུག
༤༠ ང་ལ་སྡང་མཁན་རྣམས་ནི་ང་ཡིས་ཚར་གཅོད་ཕྱིར། ངའི་དགྲའི་ཤུལ་རྒྱབ་བདག་ཕྱོགས་ཁྱེད་ཀྱིས་བསྒྱུར་བར་མཛད།
༤༡ དེ་ཚོས་སྨྲེ་སྔགས་བཏོན་ཀྱང་སྐྱོབ་མཁན་སུའང་མ་བྱུང་། ཡཱ་ཝཱེར་བོས་རུང་དེ་ཚོར་བཀའ་ལན་མ་གནང་བས།
༤༢ དེ་རྣམས་རླུང་གིས་འཁྱེར་བའི་རྡུལ་ལྟར་ངས་བཏགས་སོ། ལམ་སྲང་འདམ་རྫབ་ལྟར་དུ་དེ་དག་ཕྱི་རོལ་དབྱུགས།
༤༣ ཁྱེད་ཀྱིས་མི་སྡེའི་འཛིང་ཐབས་ལས་ང་བསྲུངས་པ་ཡིན། ཁྱེད་ཀྱིས་ང་ནི་མི་རིགས་རྣམས་ཀྱི་མགོ་བྱེད་མཛད། བདག་གི་ངོ་མི་ཤེས་པའི་མི་སྡེས་ངའི་འབངས་བྱ།
༤༤ ང་ཡི་སྐད་ཆ་ཐོས་མ་ཐག་ངའི་ཁར་ཉན་འོང་། མཐའ་ཡི་མི་རྣམས་ང་ལ་མགོ་རྒུ་བར་འགྱུར་རོ༎
༤༥ མཐའ་མིའི་དཔའ་འཁུམ་འདར་གྱིན་རྫོང་ལས་འཐོན་པར་འགྱུར།
༤༦ ཡཱ་ཝཱེ་གསན་པོ་ལགས་པའི་ངའི་བྲག་བཀྲ་ཤིས་ཤོག བདག་གི་སྐྱབས་ཀྱི་དཀོན་མཆོག་འཕགས་པར་ཤོག་ཅིག་གུ།
༤༧ དཀོན་མཆོག་ཉིད་ཀྱིས་ངའི་དོན་དགྲ་ལན་འཇལ་མཛད་ཅིང་། མི་སྡེ་རྣམས་ནི་བདག་གི་གཡོག་ཏུ་འཇུག་པར་མཛད།
༤༨ ཁོང་གིས་བདག་ནི་དགྲ་ལས་སྒྲོལ་བར་མཛད་པའི་སྟེང་། ངའི་དགྲར་ལང་བ་རྣམས་ཀྱི་གོང་དུ་ང་འདེགས་མཛད། ཁྱེད་ཀྱིས་བདག་ནི་སྐྱེས་པ་དྲག་པོ་ལས་སྐྱོབ་བོ༎
༤༩ དེ་ཕྱིར་ཡཱ་ཝཱེ་ཁྱེད་ལ་མི་རིགས་རྣམས་ཀྱི་དཀྱིལ། གཏང་རག་འབུལ་ཞིང་ཁྱེད་ཀྱི་མཚན་ལ་བསྟོད་དབྱངས་བྱ།
༥༠ ཉིད་ཀྱི་རྒྱལ་པོར་ཐར་བ་མཆོག་སྟེར་རང་ཉིད་ཀྱི། བྱུགས་པ་དཱ་བིད་དང་ནི་དེ་བརྒྱུད་གཏན་དུ་བྱམས༎