༡༠
དེའང་རྒྱལ་པོ་ཨ་ཧས་ཝེ་རོས་ཀྱིས་སྐམ་སའི་ཡུལ་དང་རྒྱ་མཚོའི་གླིང་ཕྲན་རྣམས་ལ་དཔྱ་ཁྲལ་བཀལ་ཏོ། ༢ ཡང་དེའི་དབང་དང་མཐུ་སྟོབས་ཀྱི་མཛད་པ་ཐམས་ཅད་དང་། རྒྱལ་པོས་མར་དོ་ཀཱ་ཨི་ལ་གོ་ས་གནང་བའི་ལོ་རྒྱུས་ནི། མ་དཱ་ཨི་དང་ཏ་ཟིག་གི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་དཔེ་ཆའི་ནང་བྲིས་པ་མེད་དམ། ༣ དེ་ཅིའི་ཕྱིར་ཞེ་ན། ཡ་ཧུ་དཱ་པ་མར་དོ་ཀཱ་ཨི་འདི་ནི་རྒྱལ་པོ་ཨ་ཧས་ཝེ་རོས་ཀྱི་འོག་མ་དང་། ཡ་ཧུ་དཱ་པའི་ཁྲོད་དུ་ཆེན་པོ་དང་། རང་གི་སྤུན་ཚོགས་ཀྱི་ནང་ན་རིན་ཅན་ཞིག་ཡོད་པ་ཡིན། དེས་རང་གི་མི་བརྒྱུད་ཀྱི་རྒྱུ་ནོར་སྤེལ་དུ་བརྩོན་ཏེ། རང་གི་མི་རིགས་ཐམས་ཅད་ལ་ཞི་བདེའི་གཏམ་གླེང་བྱས་པ་ཡིན་ནོ༎ ༎