༢༢
དེ་ནས་ཡེ་རུ་ཤ་ལེམ་པ་རྣམས་ཀྱིས་དེའི་སྲས་ཐ་ཆུང་ཨ་ཧས་ཡཱ་དེའི་ཚབ་ཏུ་རྒྱལ་པོར་བཅུག་པ་ཡིན། གང་ལ་ཞེ་ན། དེའི་ཕུ་བོ་ཐམས་ཅད་ནི་ཨ་རཱབ་པ་དང་ལྷན་ཅིག་ཏུ་དམག་སྒར་རུ་འོངས་པའི་དམག་དཔུང་གིས་བསད་པའི་རྐྱེན་གྱིས། ཡ་ཧུ་དཱའི་རྒྱལ་པོ་ཡོ་རམ་གྱི་སྲས་ཨ་ཧས་ཡཱ་ནི་རྒྱལ་པོར་འགྱུར་དགོས་བྱུང་།
 ཨ་ཧས་ཡཱ་རྒྱལ་པོ་བྱེད་དུས་སུ་ལོ་ཞེ་གཉིས་ལོན་ཏེ། ཡེ་རུ་ཤ་ལེམ་དུ་ལོ་གཅིག་རྒྱལ་སྲིད་བསྐྱངས། ཨ་ཐལ་ཡཱ་བྱ་བའི་ཨོམ་རིའི་སྲས་མོ་ནི་དེའི་ཡུམ་མོ།  དེའི་ཡུམ་གྱིས་ངན་བྱུས་བསླབས་པས། ཨ་ཧབ་ཀྱི་ཕ་སྤད་ཀྱི་ལམ་གྱི་ནང་དུ་འདི་ཡང་འགྲུལ་བ་ཡིན།  དེ་ལྟར་ཁོས་ཡ་ཧོ་ཝཱའི་སྤྱན་སྔར་ཨ་ཧབ་ཀྱི་ཕ་སྤད་བཞིན་དུ་ངན་པར་སྤྱད་ཅིང་། དེའི་ཕ་འཆི་བའི་འོག་ཏུ། དེ་དག་གིས་ཁོ་འཕུང་དུ་འཇུག་པའི་བར་དུ་ཁོ་དང་བཅས་གྲོས་ངན་བཏབ་བོ།  དེ་དག་གི་གྲོས་བཞིན་འགྲུལ་ཏེ། ཨིས་ར་ཨེལ་གྱི་རྒྱལ་པོ་ཨ་ཧབ་ཀྱི་སྲས་ཡོ་རམ་དང་བསྡོངས་ནས། ཨ་རམ་གྱི་རྒྱལ་པོ་ཧ་ཟ་ཨེལ་དང་འཐབ་ཏུ་རཱ་མོད་གིལ་ཨད་དུ་སོང་། དེར་ཨ་རམ་པས་ཁོ་རྨས་པར་བྱས་ཏེ།  ཨ་རམ་གྱི་རྒྱལ་པོ་ཧ་ཟ་ཨེལ་ལ་རྒོལ་དུས་སུ་རྨས་པར་བྱས་པའི་རྨ་རྣམས་ལ་སྨན་སྤྱད་བྱེད་དུ་ཡིས་རེ་ཨེལ་དུ་ལོག་འོངས་ནས། ན་བར་གྱུར་པས། ཡ་ཧུ་དཱའི་རྒྱལ་པོ་ཡོ་རམ་གྱི་སྲས་ཨ་ཟར་ཡཱཨ་ཧབ་ཀྱི་སྲས་ཡོ་རམ་ལ་ལྟ་རུ་ཡིས་རེ་ཨེལ་ལ་ཕྱིན་ཏོ༎
 ཨ་ཧས་ཡཱ་འཆི་བ་ནི་དཀོན་མཆོག་གི་ཕྱོགས་ལས་བྱུང་། དེ་ཅིའི་ཕྱིར་ཞེ་ན། ཁོ་ནི་ཡོ་རམ་གྱི་མདུན་དུ་འགྲོ་བ་དང་། ཡོ་རམ་དང་མཉམ་དུ་ནིམ་ཤིའི་བུ་ཡེ་ཧུ་ལ་འཐབ་པར་འགྲོ་བའི་ཕྱིར་རོ། ཨ་ཧབ་ཀྱི་བརྒྱུད་འཛིན་གཅོད་པའི་ཕྱིར། ཡ་ཧོ་ཝཱས་ཡེ་ཧུ་ལ་སྣུམ་གྱིས་བྱུགས་སོ།  ཡེ་ཧུས་ཨ་ཧབ་ཀྱི་ཕ་སྤད་ལ་ལན་འཇལ་དུས་སུ། ཡ་ཧུ་དཱའི་སྐུ་དྲག་དང་། ཨ་ཧས་ཡཱའི་སྤུན་རྣམས་ཀྱི་སྲས་སམ། ཨ་ཧས་ཡཱའི་ཞབས་ཏོག་པ་རྣམས་དང་ཕྲད་ནས། དེ་དག་ཐམས་ཅད་སྲོག་དང་ཕྲལ་ནས།  ཨ་ཧས་ཡཱ་ནི་ས་མར་ཡཱ་རུ་ཡིབ་སྟེ་ཡོད་ཀྱང་། ཁོ་བཙལ་ནས་བཟུང་སྟེ། ཡེ་ཧུའི་དྲུང་དུ་ཁྱེར་ནས་བསད་དེ་བསྐུངས་སོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས། འདི་ནི་སྙིང་ཚང་མ་དང་ཡ་ཧོ་ཝཱ་བཙལ་བའི་ཡེ་ཧོ་ཤ་ཕད་ཀྱི་སྲས་སོ་ཟེར་བ་ཡིན། དེ་ལྟར་ཨ་ཧས་ཡཱའི་ཕ་སྤད་ཀྱི་ནང་ནས་རྒྱལ་སྲིད་འཛིན་ཐུབ་པ་གང་ཡང་མ་བརྙེད་དོ༎
༡༠ དེར་ཨ་ཧས་ཡཱའི་མ་ཨ་ཐལ་ཡཱས་རང་གི་བུ་ཤི་ཟིན་པར་མཐོང་བ་དང་། ལངས་ཏེ། ཡ་ཧུ་དཱའི་ཕ་སྤད་ཀྱི་རྒྱལ་སྲས་ཚང་མ་བསད་ཀྱིས། ༡༡ རྒྱལ་པོའི་སྲས་མོ་ཡོ་ཤ་བེ་ཨད་ཀྱིས་ཨ་ཧས་ཡཱའི་སྲས་ཡོ་ཨས་བྱ་བ་དེ། རྒྱལ་སྲས་བསད་པར་གྱུར་པའི་དཀྱིལ་ནས་བླངས་ནས། བརྐུས་ཁྱེར་ཏེ། དེ་དང་དེའི་བུ་རྫི་གཉིས་པོ་གཟིམས་ཆུང་ཞིག་གི་ནང་དུ་བཞག་པས། ཨ་ཧས་ཡཱའི་སྲིང་མོ་ཡིན་པའི་རྒྱལ་པོ་ཡོ་རམ་གྱི་སྲས་མོའམ། བླ་མ་ཡེ་ཧོ་ཡ་དཱའི་ཆུང་མ་ཡོ་ཤ་བེ་ཨད་ཀྱིས་དེ་ནི་ཨ་ཐལ་ཡཱ་ལས་སྦས་ཏེ་བཞག་པས། དེས་མ་བསད་དོ། ༡༢ དེ་གཉིས་དང་མཉམ་དུ་སྲས་དེ་དཀོན་མཆོག་གི་ཕོ་བྲང་གི་ནང་དུ་ལོ་དྲུག་ཡིབ་སྟེ་བསྡད། ཨ་ཐལ་ཡཱས་ཡུལ་ལ་རྒྱལ་སྲིད་བྱས་པ་ཡིན༎