༡༠
དེ་ནས་རེ་ཧབ་ཨམ་་སི་ཀེམ་དུ་ཕྱིན་ཏོ། དེ་ཅིའི་ཕྱིར་ཞེ་ན། ཨིས་ར་ཨེལ་ཐམས་ཅད་ཀྱིས་ཁོང་རྒྱལ་པོར་སྐོ་རུ་སི་ཀེམ་དུ་ཆས་ནས་བསླེབས་པ་དང་།  ཤ་ལོ་མོའི་དྲུང་ནས་མི་སེར་དུ་བྲོས་སོང་བའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱིས་དེ་ལྟར་གྱུར་པའི་ཕྲིན་ཐོས་ནས། ཡེ་རོབ་ཨམ་་མི་སེར་ནས་ཕྱིར་ལོག་འོངས།  དེ་དག་གིས་ཕོ་ཉ་བཏང་ཞིང་ཁོ་བོས་ནས། ཡེ་རོབ་ཨམ་དང་ཨིས་ར་ཨེལ་པ་ཚང་མ་འོངས་ཏེ། རེ་ཧབ་ཨམ་ལ་གཏམ་བྱེད་ཅིང་འདི་ན་རེ།  ཁྱེད་ཀྱི་ཡབ་ཀྱིས་བདག་ཅག་ལ་གཉའ་ཤིང་ལྕི་བ་ཞིག་བཀལ་བྱུང་། ད་ཁྱེད་ཀྱིས་ཉིད་ཀྱི་ཡབ་ཀྱིས་བདག་ཅག་ལ་བཀལ་བའི་ལས་ཀ་ལྕི་བ་དང་གཉའ་ཤིང་ལྕི་བ་དེ་གཉིས་ཅུང་ཟད་ཡང་བར་མཛོད་ཅིག དེ་ནས་བདག་ཅག་གིས་ཁྱེད་ཀྱི་ཞབས་ཏོག་བྱའོ་ཞུས་པ་དང་།  དེས་དེ་དག་ལ། ད་ཞག་གསུམ་གྱི་འོག་ཏུ་སླར་ལོག་ཤོག སྨྲས་པས། མི་སྡེ་རྣམས་སོང་ངོ་༎
 དེ་ནས་རྒྱལ་པོ་རེ་ཧབ་ཨམ་གྱིས་རང་གི་ཡབ་ཤ་ལོ་མོའི་དུས་སུ། ཁོང་གི་དྲུང་དུ་བསྡད་པའི་རྒན་པོ་ཚོ་དང་བགྲོས་ནས་དེ་དག་ལ། ངས་མི་སྡེ་འདི་ལ་ལན་ཅི་གདབ། ཞེས་དྲིས་པའི་ལན་དུ།  དེ་དག་གིས་དེ་ལ། ཇི་སྟེ་ཁྱེད་ཀྱིས་མི་སྡེ་འདི་ལ་བཀའ་དྲིན་མཛད་དེ། འཐར་དུ་འཇུག་ཅིང་། ལེགས་པའི་གཏམ་སྨྲ་ན། དེ་ཚོས་དུས་རྒྱུན་དུ་ཁྱེད་ཀྱི་གཡོག་བྱེད་པར་འགྱུར་རོ་ཞུས་མོད།  དེས་མི་རྒན་ཚོའི་ཞལ་ཏ་དེ་དང་དུ་མ་བླང་བར། རང་དང་མཉམ་འཚར་བའི་གཞོན་ནུ་དག་དང་བགྲོས་ནས།  དེ་དག་ལ། ཁྱེད་ཀྱི་ཡབ་ཀྱིས་བདག་ཅག་ལ་བཀལ་བའི་གཉའ་ཤིང་དེ་ཅུང་ཟད་ཡང་བར་མཛོད་ཅིག ཅེས་ཞུས་པའི་མི་སྡེ་ལ་ལན་ཅི་འདེབས་སུ་རུང་བའི་ཁ་ཏ་ཅི་གཏོང་བར་བྱེད་དྲིས་པས། ༡༠ ཁོ་རང་དང་མཉམ་འཚར་བའི་གཞོན་ནུ་དག་གིས་དེ་ལ། ཁྱེད་ཀྱི་ཡབ་ཀྱིས་བདག་ཅག་གི་གཉའ་ཤིང་ལྕི་བར་མཛད་པ་དེ་ཅུང་ཟད་ཡང་བར་མཛོད་ཅིག་ཞུས་པའི་མི་རྣམས་ལ་འདི་འདྲ་གྱིས་ཤིག ངའི་ཕ་ཡི་རྐེད་པ་ལས་ནི་ངའི་མཐེབ་ཆུང་དེ་སྦོམ་པས། ༡༡ ངའི་ཕས་ཁྱོད་ཚོ་ལ་གཉའ་ཤིང་ལྕི་བ་བཀལ་ཀྱང་། ངས་གཉའ་ཤིང་དེ་ལས་ཐེབ་ལྕི་བར་བྱ། ངའི་ཕས་ཁྱོད་ཚོ་རྟ་ལྕག་གིས་བཅུན་ཀྱང་། ངའི་ཕས་ཁྱོད་ཚོ་སྡིག་པ་རྭ་ཅན་གྱིས་འཇུན་པར་བྱའོ། ཞེས་ལན་ཐོབ་ཅིག་སྨྲས་སོ༎
༡༢ ཡང་རྒྱལ་པོས་ཞག་གསུམ་པར་ངའི་དྲུང་དུ་ལོག་ཤོག་ཅེས་བསྒོ་བ་ལྟར་དུ། ཡེ་རོབ་ཨམ་དང་། མི་སྡེ་ཚང་མ་ཞག་གསུམ་པར་རེ་ཧབ་ཨམ་གྱི་དྲུང་དུ་འོངས་སོ། ༡༣ རྒྱལ་པོས་དེ་དག་ལ་ལན་རྩུབ་པོ་མཛད་དེ། རེ་ཧབ་ཨམ་གྱིས་མི་རྒན་དག་གི་ཞལ་ཏ་ལ་མ་ཉན་པར། ༡༤ གཞོན་ནུ་དག་གི་གྲོས་བཞིན་དུ་དེ་དག་ལ། ངའི་ཕས་ཁྱོད་ཚོ་ལ་གཉའ་ཤིང་ལྕི་བ་བཀལ་ཀྱང་། ངས་དེ་ཐེབ་ལྕི་བར་བྱ། ངའི་ཕས་ཁྱོད་ཚོ་རྟ་ལྕག་གིས་བཅུན་ཀྱང་། ངས་ཁྱོད་ཚོ་སྡིག་པ་རྭ་ཅན་གྱིས་གཞུན་ནོ་ཞེས་སྨྲས་སོ། ༡༥ དེ་ལྟར་རྒྱལ་པོས་མི་སྡེའི་ཞུ་བ་མ་གསན་ཏོ། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་ཤི་ལོ་པ་ཨ་ཧི་ཡཱའི་ངག་གི་སྒོ་ནས་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་ལ་གསུངས་པའི་བཀའ་མཆིད་དེ་སྒྲུབ་པའི་ཕྱིར་དུ། བྱ་བ་དེ་དཀོན་མཆོག་གི་ཕྱོགས་ནས་བྱུང་བ་ཡིན།
༡༦ དེར་ཨིས་ར་ཨེལ་ཚང་མས་རྒྱལ་པོས་དེ་རྣམས་ལ་མི་གསན་པར་མཐོང་བ་ཙམ་གྱིས། རྒྱལ་པོ་ལ་ལན་བཟློགས་ཏེ་འདི་སྐད་དུ། དཱ་བིད་མཉམ་ང་ཚོ་ལ་ཅི་སྐལ་བ་ཡོད། ཨི་ཤཱ་ཡི་བུ་མཉམ་ང་ཚོ་ལ་ནོར་སྐལ་ཅི་ཡོད། ཀྱེ་ཨིས་ར་ཨེལ་རང་རང་གི་ཁྱིམ་དུ་ལོག ཀྱེ་དཱ་བིད་ད་རང་གི་ཁྱིམ་ལ་ལྟོས་ཤིག ཅེས་ཟེར་ནས་ཨིས་ར་ཨེལ་ཚང་མ་རང་རང་གི་གནས་ཚང་དུ་སོང་ངོ་། ༡༧ དེ་ནས་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་སུ་གནས་པའི་ཨིས་ར་ཨེལ་གྱི་བུ་བརྒྱུད་འབའ་ཞིག་རེ་ཧབ་ཨམ་གྱིས་སྲིད་བྱས་སོ། ༡༨ དེ་ནས་རེ་ཧབ་ཨམ་གྱིས་ཁྲལ་དཔོན་ཧ་དོ་རམ་མངགས་པ་དང་། ཨིས་ར་ཨེལ་ཚང་མས་དེ་ལ་རྡོ་རུབ་བཏང་བས་ཁོ་ཤི། དེ་ནས་རྒྱལ་པོ་རེ་ཧབ་ཨམ་ནི་རྟབ་རྟོབ་ཏུ་ཤིང་རྟ་ལ་ཞོན་ནས། ཡེ་རུ་ཤ་ལེམ་དུ་བྲོས་སོ། ༡༩ དེའི་ལུགས་སུ་ཨིས་ར་ཨེལ་གྱིས་དེ་རིང་ཐུག་དཱ་བིད་ཀྱི་ཕ་ཚན་ལ་ངོ་ལོག་བྱེད་དོ༎