༢༩
ཡང་ཟླ་བ་བདུན་པ་དེའི་ཚེས་གཅིག་ལ་ཁྱོད་རྣམས་ལ་ཚོགས་འདུས་དམ་པ་ཞིག་ཡོད་པར་བྱ། བྲན་གྱི་ལས་ཅིའང་མ་བྱེད། དེ་ནི་ཁྱོད་ཚོ་ལ་དུང་འབུད་པའི་ཞག་ཅིག་ཡིན།  ཡང་ཡ་ཧོ་ཝཱ་ལ་དྲི་ཞིམ་གྱི་དོན་དུ་སྦྱིན་སྲེག་ཅིག་འབུལ་བར་དགོས། གླང་གཅིག ལུག་ཐུག་གཅིག ལོ་གཅིག་པའི་ལུག་གུ་ཕོ་སྐྱོན་མེད་པ་བདུན་དང་།  དེའི་ཞལ་ཟས་ཀྱི་མཆོད་པ་རྒྱ་ཞིབ་མར་ཁུ་དང་འདྲེས་པ་བཅུ་ཆ་གསུམ་གླང་གི་ཕྱིར་དང་། ལུག་ཐུག་གི་ཕྱིར་བཅུ་ཆ་གཉིས་དང་།  ལུག་གུ་བདུན་ལས་ལུག་གུ་རེའི་ཕྱིར་བཅུ་ཆ་གཅིག་དང་།  ཁྱེད་ཀྱི་དོན་དུ་སྡིག་བཤགས་བྱེད་པའི་ཕྱིར་ར་ཕོ་གཅིག་གོ།  དེ་མ་ཟད་པར་ཟླ་གསར་གྱི་དུས་ཀྱི་སྦྱིན་སྲེག་དང་དེའི་ཞལ་ཟས་ཀྱི་མཆོད་པ་དང་། རྒྱུན་གྱི་སྦྱིན་སྲེག་དང་དེའི་ཞལ་ཟས་ཀྱི་མཆོད་པ་དང་། དེའི་སྐྱེམས་ཀྱི་མཆོད་པ་རྣམས་ཁྲིམས་བཞིན་དུ་དྲི་ཞིམ་གྱི་དོན་དུ་ཡ་ཧོ་ཝཱ་ལ་མེ་དང་མཆོད་པར་འབུལ་བར་བྱའོ༎
 ཡང་ཟླ་བ་བདུན་པ་འདིའི་ཚེས་བཅུ་པ་ལ་ཁྱོད་རྣམས་ལ་འདུ་བ་དམ་པ་ཞིག་ཡོད་པར་དགོས། རང་གི་སེམས་ལ་སྡུག་སྟོན་ཅིག ལས་ཀ་གང་རུང་ཡང་མ་བྱེད་ཅིག  འོན་ཀྱང་དྲི་ཞིམ་གྱི་དོན་དུ་ཡ་ཧོ་ཝཱ་ལ་སྦྱིན་སྲེག་ཅིག་འབུལ་བར་དགོས། གླང་གཅིག་དང་། ལུག་ཐུག་གཅིག་དང་། ལུག་གུ་ཕོ་སྐྱོན་མེད་པ་བདུན་དང་།  དེ་དག་གི་ཞལ་ཟས་ཀྱི་མཆོད་པ་ནི། རྒྱ་ཞིབ་མར་ཁུ་དང་འདེས་པ་བཅུ་ཆ་གསུམ་གླང་གི་ཕྱིར་དང་། བཅུ་ཆ་གཉིས་ལུག་ཐུག་གི་ཕྱིར། ༡༠ བཅུ་ཆ་གཅིག་ལུག་གུ་བདུན་ལས་ལུག་གུ་རེའི་ཕྱིར་ཡང་དེ་མ་ཟད་པར་ར་ཕོ་གཅིག་སྡིག་པའི་ཕྱིར། ༡༡ སྡིག་བཤགས་བྱེད་པའི་མཆོད་པ་དང་། རྒྱུན་གྱི་སྦྱིན་སྲེག་དང་དེའི་ཞལ་ཟས་ཀྱི་མཆོད་པ་དང་། དེ་དག་གི་སྐྱེམས་ཀྱི་མཆོད་པ་རྣམས་སོ༎
༡༢ ཡང་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་ཁྱོད་ཅག་ལ་ཚོགས་འདུས་དམ་པ་ཞིག་ཡོད་པར་བྱ། བྲན་གྱི་ལས་ཀ་མ་བྱེད། ཡ་ཧོ་ཝཱ་ལ་ཞག་བདུན་བར་དུ་དུས་ཆེན་བྱེད་པར་དགོས། ༡༣ ཡང་ཁྱེད་ཀྱིས་སྦྱིན་སྲེག་ཅིག་འབུལ་བར་བྱ་ཞེ་ན། དྲི་ཞིམ་གྱི་དོན་དུ་ཡ་ཧོ་ཝཱ་ལ་མེ་དང་འབུལ་བའི་མཆོད་པ་ཞིག་འབུལ་དགོས། གླང་གཞོན་པ་བཅུ་གསུམ་དང་། ལུག་ཐུག་གཉིས་དང་། ལོ་གཅིག་པའི་ལུག་གུ་ཕོ་བཅུ་བཞི་སྐྱོན་མེད་པ་དང་། ༡༤ དེ་རྣམས་ཀྱི་ཞལ་ཟས་ཀྱི་མཆོད་པ་དང་། རྒྱ་ཞིབ་མར་ཁུ་དང་འདྲེས་པ་བཅུ་ཆ་གསུམ་གླང་བཅུ་གསུམ་ལས་གླང་རེའི་ཕྱིར། བཅུ་ཆ་གཉིས་ལུག་ཐུག་གཉིས་ལས་རེའི་ཕྱིར། ༡༥ བཅུ་ཆ་གཅིག་ལུག་གུ་བཅུ་བཞི་ལས་ལུག་གུ་རེའི་ཕྱིར། ༡༦ ཡང་ར་ཕོ་གཅིག་སྡིག་པའི་ཕྱིར་དུ་མ་ཟད་དེ། རྒྱུན་གྱི་སྦྱིན་སྲེག་དང་། དེའི་ཞལ་ཟས་ཀྱི་མཆོད་པ་དང་། དེའི་སྐྱེམས་ཀྱི་མཆོད་པ་རྣམས་སོ༎
༡༧ ཡང་ཞག་གཉིས་པ་ལ་ཁྱོད་ཚོས་གླང་གཞོན་པ་བཅུ་གཉིས་དང་། ལུག་ཐུག་གཉིས་དང་། ལོ་གཅིག་པའི་ལུག་གུ་ཕོ་སྐྱོན་མེད་པ་བཅུ་བཞི་འབུལ་དགོས་པ་དང་། ༡༨ གླང་དང་། ལུག་ཐུག་དང་། ལུག་གུ་རྣམས་གྲངས་བཞིན་དུ་དང་ཁྲིམས་ནང་ལྟར་དང་། ར་ཕོ་གཅིག་སྡིག་པའི་ཕྱིར་འབུལ་དགོས། དེ་མ་ཟད་པར། ༡༩ རྒྱུན་གྱི་སྦྱིན་སྲེག་དང་། དེའི་ཞལ་ཟས་ཀྱི་མཆོད་པ་དང་། དེ་རྣམས་ཀྱི་སྐྱེམས་ཀྱི་མཆོད་པ་རྣམས་སོ༎
༢༠ ཡང་ཞག་གསུམ་པ་ལ་གླང་བཅུ་གཅིག ལུག་ཐུག་གཉིས། ལོ་གཅིག་པའི་ལུག་གུ་ཕོ་སྐྱོན་མེད་པ་བཅུ་བཞི་དང་། ༢༡ དེ་དག་གི་ཞལ་ཟས་ཀྱི་མཆོད་པ་དང་། སྐྱེམས་ཀྱི་མཆོད་པ་གླང་དང་ལུག་ཐུག་དང་ལུག་གུ་རྣམས་ཀྱི་ཕྱིར་གྲངས་བཞིན་དུ་དང་ཁྲིམས་ནང་ལྟར་དང་། ༢༢ ར་ཕོ་གཅིག་སྡིག་པའི་ཕྱིར་དེ་མ་ཟད་དེ། རྒྱུན་གྱི་སྦྱིན་སྲེག་དང་། དེའི་ཞལ་ཟས་ཀྱི་མཆོད་པ་དང་། དེའི་སྐྱེམས་ཀྱི་མཆོད་པའོ༎
༢༣ ཡང་ཞག་བཞི་པ་ལ་གླང་བཅུ། ལུག་ཐུག་གཉིས། ལོ་གཅིག་པའི་ལུག་གུ་ཕོ་སྐྱོན་མེད་པ་བཅུ་བཞི་དང་། ༢༤ དེ་དག་གི་ཞལ་ཟས་ཀྱི་མཆོད་པ་དང་། སྐྱེམས་ཀྱི་མཆོད་པ་རྣམས་གླང་དང་ལུག་ཐུག་དང་ལུག་གུ་རྣམས་ཀྱི་ཕྱིར་གྲངས་བཞིན་དང་ཁྲིམས་ནང་ལྟར་དང་། ༢༥ ར་ཕོ་གཅིག་སྡིག་པའི་ཕྱིར། དེ་མ་ཟད་དེ། རྒྱུན་གྱི་སྦྱིན་སྲེག་དང་། དེའི་ཞལ་ཟས་ཀྱི་མཆོད་པ་དང་། སྐྱེམས་ཀྱི་མཆོད་པ་རྣམས་སོ༎
༢༦ ཡང་ཞག་ལྔ་པ་ལ་གླང་དགུ། ལུག་ཐུག་གཉིས་ལོ་གཅིག་པའི་ལུག་གུ་ཕོ་སྐྱོན་མེད་པ་བཅུ་བཞི་དང་། ༢༧ དེའི་ཞལ་ཟས་ཀྱི་མཆོད་པ་དང་། སྐྱེམས་ཀྱི་མཆོད་པ་དང་གླང་དང་ལུག་ཐུག་དང་ལུག་གུ་རྣམས་གྲངས་བཞིན་དུ་དང་། ༢༨ ར་ཕོ་གཅིག་སྡིག་པའི་ཕྱིར། དེ་མ་ཟད་དེ། རྒྱུན་གྱི་སྦྱིན་སྲེག་དང་། དེའི་ཞལ་ཟས་ཀྱི་མཆོད་པ་དང་། དེའི་སྐྱེམས་ཀྱི་མཆོད་པའོ༎
༢༩ ཡང་ཞག་དྲུག་པ་ལ་གླང་བརྒྱད། ལུག་ཐུག་གཉིས། ལོ་གཅིག་པའི་ལུག་གུ་ཕོ་སྐྱོན་མེད་པ་བཅུ་བཞི་དང་། ༣༠ དེ་ཚོའི་ཞལ་ཟས་ཀྱི་མཆོད་པ་དང་། སྐྱེམས་ཀྱི་མཆོད་པ་གླང་དང་ལུག་ཐུག་དང་ལུག་གུ་རྣམས་ཀྱི་ཕྱིར་གྲངས་དང་ཁྲིམས་ནང་ལྟར་དང་། ༣༡ ར་ཕོ་གཅིག་སྡིག་པའི་ཕྱིར། དེ་མ་ཟད་དེ། རྒྱུན་གྱི་སྦྱིན་སྲེག་དང་། དེའི་ཞལ་ཟས་ཀྱི་མཆོད་པ་དང་། སྐྱེམས་ཀྱི་མཆོད་པ་རྣམས་སོ༎
༣༢ ཡང་ཞག་བདུན་པ་ལ་གླང་བདུན། ལུག་ཐུག་གཉིས་ལོ་གཅིག་པའི་ལུག་གུ་ཕོ་སྐྱོན་མེད་པ་བཅུ་བཞི་དང་། ༣༣ དེའི་ཞལ་ཟས་ཀྱི་མཆོད་པ་དང་། སྐྱེམས་ཀྱི་མཆོད་པ་གླང་དང་ལུག་ཐུག་དང་ལུ་གུ་རྣམས་གྲངས་དང་ཁྲིམས་བཞིན་དུ་དང་། ༣༤ ར་ཕོ་གཅིག་སྡིག་པའི་ཕྱིར། དེ་མ་ཟད་དེ། རྒྱུན་གྱི་སྦྱིན་སྲེག་དང་། དེའི་ཞལ་ཟས་ཀྱི་མཆོད་པ་དང་། སྐྱེམས་ཀྱི་མཆོད་པའོ༎
༣༥ ཡང་ཞག་བརྒྱད་པ་ལ། ཁྱོད་རྣམས་ལ་ཚོགས་འདུས་དམ་པ་ཞིག་ཡོད་པར་དགོས། བྲན་གྱི་ལས་མ་བྱེད། ༣༦ འོན་ཀྱང་ཁྱོད་ཚོས་སྦྱིན་སྲེག་ཅིག་ཟེར་ན། དྲི་ཞིམ་གྱི་དོན་དུ་ཡ་ཧོ་ཝཱ་ལ་མེ་དང་མཆོད་པ་ཞིག་འབུལ་དགོས། གླང་གཅིག ལུག་ཐུག་གཅིག ལོ་གཅིག་པའི་ལུ་གུ་ཕོ་སྐྱོན་མེད་པ་བདུན་དང་། ༣༧ དེའི་ཞལ་ཟས་ཀྱི་མཆོད་པ་དང་། སྐྱེམས་ཀྱི་མཆོད་པ་རྣམས་གླང་དང་ལུག་ཐུག་དང་ལུ་གུ་རྣམས་ཀྱི་ཕྱིར་གྲངས་དང་ཁྲིམས་བཞིན་དུ་དང་། ༣༨ ར་ཕོ་གཅིག་སྡིག་པའི་ཕྱིར། དེ་མ་ཟད་དེ། རྒྱུན་གྱི་སྦྱིན་སྲེག་དང་། དེའི་ཞལ་ཟས་ཀྱི་མཆོད་པ་དང་། སྐྱེམས་ཀྱི་མཆོད་པ་རྣམས་སོ༎
༣༩ མཆོད་པ་དེ་དག་ཁྱོད་རྣམས་ཀྱི་ཕྱིར་བཙུགས་ཡོད་པའི་དུས་ཆེན་རྣམས་ཀྱི་དུས་སུ་ཡ་ཧོ་ཝཱ་ལ་འབུལ་དགོས། དེ་མ་ཟད་དེ། ཁྱེད་ཀྱིས་རང་གི་དམ་བཅའ་དང་། སེམས་དགའ་བའི་མཆོད་པ་རྣམས་དང་སྦྱིན་སྲེག་དང་། ཞལ་ཟས་ཀྱི་མཆོད་པ་དང་། སྐྱེམས་ཀྱི་མཆོད་པ་དང་། ཁྱེད་ཀྱི་ཞི་བདེའི་མཆོད་པ་རྣམས་འབུལ་ལོ༎
༤༠ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་ཐམས་ཅད་བཞིན་དུ་མོ་ཤེས་ཨིས་ར་ཨེལ་གྱི་བུ་རྣམས་ལ་བཤད་དོ༎