༤༤
ཁོང་གིས་རང་གི་ཁྱིམ་གྱི་གཉེར་པ་ལ། དེ་དག་གི་ཕད་རྣམས་ཀྱི་ནང་དུ་གྲོ་ནས་ཀྱི་ཐེག་ཚད་ཁོང་ཞིག་དང་། རེ་རང་གི་དངུལ་རང་གི་ཕད་ཀྱི་ཁ་རུ་ཆུག  ངའི་ཕོར་པ་དངུལ་གྱི་ཕོར་པ་དེ་འབྲུའི་རིན་དང་བཅས་པ་མཐའ་ཆུང་གི་ཕད་ཀྱི་ཁ་ལ་ཆུག་ཅིག་ཅེས་བཀའ་གནང་ངོ་། དེས་ཡོ་སེབ་ཀྱིས་སྨྲས་པའི་བཀའ་བཞིན་དུ་བྱས་སོ།  ནམ་ལངས་ཏེ་དེ་དག་བོང་བུ་རྣམས་དང་བཅས་པ་འགྲོར་བཅུག་གོ།  དེ་དག་གྲོང་ཁྱེར་གྱི་ཕྱི་རུ་སོང་ནས་ད་རུང་ཐག་རིང་མེད་པའི་ཚེ། ཡོ་སེབ་ཀྱིས་རང་གི་གཉེར་པ་ལ་སྨྲས་པ། ད་སོང་ལ་མི་དེ་དག་གི་རྗེས་ལ་དེད་དེ། ཁོ་རྣམས་ལ་ནོན་པ་དང་དེ་དག་ལ། བཟང་ལན་ངན་གྱིས་བཅལ་བ་དེ་ཅི་ཡིན།  ངའི་དཔོན་པོས་འདིའི་ནང་ནས་འཐུང་ཞིང་མངོན་མཁྱེན་ཡང་མི་གཏོང་ངམ། ཁྱེད་ཅག་གིས་འདི་ལྟར་བྱས་ནས་ངན་པ་བྱས་པ་ཡིན་ཞེས་སྨྲོས་ཤིག་ཅེས་བསྒོའོ༎
 དེས་ཁོ་རྣམས་ལ་ནོན་ནས་གཏམ་དེ་བཞིན་དུ་བྱས་སོ།  དེ་དག་གིས་ཁོ་ལ། ཇོ་བོ་ཅིའི་ཕྱིར་དེ་ལྟ་བུ་གསུང་བར་མཛད། ཁྱེད་ཀྱི་བྲན་རྣམས་ལས་དེ་ལྟ་བུ་ཞིག་བྱེད་པ་མ་སྲིད་ཅིག  གཟིགས་ཤིག་ངེད་ཀྱི་ཕད་རྣམས་ཀྱི་ཁ་ལ་ཐོབ་པའི་དངུལ་ང་ཚོས་ཀ་ན་ཨན་ཡུལ་ནས་ཁྱེད་ལ་ཕྱིར་ཁྱེར་ཡོངས། ངེད་ཁྱེད་ཀྱི་ཇོ་བོའི་གཟིམ་ཁང་ནས་གསེར་རམ་དངུལ་བརྐུས་ཏེ་འཁྱེར་བ་སྲིད་དམ།  ཁྱེད་ཀྱི་བྲན་རྣམས་ཀྱི་ནང་ན་རྫས་དེ་སུ་ལ་ཡོད་པ་ཤི་དགོས། ང་ཚོ་ཡང་ཇོ་བོའི་བྲན་བྱེད་པར་བྱའོ་ཞེས་ཞུས་སོ། ༡༠ ཁོས་སྨྲས་པ། འོ་ན་ཁྱེད་ཀྱིས་ཟེར་བའི་གཏམ་བཞིན་དུ་གྱུར་ཅིག སུ་དང་མཉམ་དུ་དེ་ཐོབ་ན་དེ་ནི་ངའི་བྲན་བྱ། ཁྱོད་རྣམས་ལ་སྐྱོན་མི་ཡོང་། ༡༡ དེ་ནས་རེ་རེས་རང་གི་ཕད་མྱུར་དུ་ས་རུ་ཕབ་ནས་ཕད་རྣམས་བཀྲོལ་ལོ། ༡༢ མི་དེས་བཙལ་ཏེ་སྔོན་སྐྱེས་ནས་མཐའ་ཆུང་གི་བར་བཙལ་ནས་མཆོད་ཞལ་ནི་བེན་ཡ་མིན་གྱི་ཕད་ཀྱི་ནང་ན་ཐོབ་བོ། ༡༣ དེ་ནས་དེ་དག་རང་གི་གོས་རྣམས་དྲལ་བ་དང་། རེ་རེས་ཕད་རང་གི་བོང་བུ་ལ་བཀལ་ནས་གྲོང་ཁྱེར་དུ་ཕྱིར་ལོག་གོ།
༡༤ ཡ་ཧུ་དཱ་རང་གི་སྤུན་རྣམས་དང་མཉམ་དུ་ཡོ་སེབ་ཀྱི་ཁང་པ་ལ་སོང་ནས། ཁོང་ད་རུང་དེར་འདུག་པས་ལུས་ས་ལ་བརྡབས་སོ། ༡༥ ཡོ་སེབ་ཀྱིས་དེ་དག་ལ། ཁྱོད་ཀྱིས་བྱས་པའི་ལས་འདི་ཅི་ཡིན། ང་ལྟ་བུའི་མི་ཞིག་གིས་མངོན་ཤེས་ཀྱིས་ངེས་པར་ཤེས་ནུས་པར་ཁྱོད་ཚོས་མི་ཤེས་སམ། ༡༦ ཡ་ཧུ་དཱ་ཡིས་ཞུས་པ། ངེད་ཇོ་བོ་ལ་ཅི་ཞུ་དགོས། གཏམ་ཅི་བྱེད་པར་བྱ། ངེད་ལ་སྐྱོན་མེད་སྨྲ་ན་ཅི་ཕན་བྱུང་། དཀོན་མཆོག་གིས་ཁྱེད་ཀྱི་བྲན་རྣམས་ཀྱི་ཉེས་པའི་ལན་བཞེས་ཀྱིན་འདུག ད་ངེད་རྣམས་ངའི་ཇོ་བོའི་བྲན་བྱའོ། གང་གི་ལག་པ་ལ་མཆོད་ཞལ་ཐོབ་པ་དེ་ཡང་ཇོ་བོའི་བྲན་བྱའོ་ཞུས་པ་དང་། ༡༧ དེས་ངས་དེ་ལྟར་བྱེད་པ་མ་སྲིད་ཅིག གང་གི་ལག་པ་ལས་ཕོར་པ་ཐོབ་པ་དེ་ངའི་བྲན་བྱེད་དགོས། ཁྱེད་བདེ་བར་ཕའི་རྩར་ལོག་ཅིག
༡༨ དེ་ནས་ཡ་ཧུ་དཱ་དེའི་དྲུང་དུ་འོངས་ནས་ཞུས་པ། ཇོ་བོ། བྲན་གྱིས་ཇོ་བོའི་སྙན་དུ་ཞུ་བ་ཞིག་འབུལ་བར་གནོང་། ཁྱེད་ཕར་ཨོ་དང་ཁྱད་མེད་པས་བྲན་རྣམས་ལ་ཐུགས་ཁྲོ་མ་མཛད་ཅིག ༡༩ ངའི་ཇོ་བོས་བྲན་རྣམས་ལ། ཁྱེད་ལ་ཕ་ཞིག་གམ་སྤུན་ཞིག་ཡོད་དམ་བཀའ་འདྲི་མཛད་པས། ༢༠ བདག་ཅག་ཇོ་བོ་ལ། ཕ་རྒད་པོ་ཞིག་དང་ཕ་རྒས་པའི་དུས་ཀྱི་བུ་མཐའ་ཆུང་ཞིག་ཡོད། དེའི་ཨ་ཇོ་ཤི་ནས་ཁོ་ནི་མའི་ཕྲུ་གུའི་ནང་ནས་གཅིག་པོ་ལུས་མཁན་ཡིན་པས། ཕས་དེ་ལ་བྱམས་སོ། ༢༡ དེ་ནས་ཁྱེད་ཀྱི་བྲན་རྣམས་ལ། ངས་ཁོ་ལ་ལྟ་བའི་ཕྱིར་ཁྲིད་དེ་ཁྱེར་ཤོག་བཀའ་གནང་ངོ་། ༢༢ ངེད་རྣམས་ཇོ་བོ་ལ། ཁྱེའུ་ནི་ཕ་དང་འབྲལ་མི་ཐུབ། ཕ་དང་བྲལ་ན་ཕ་ཤི་ཡོང་ཞུས། ༢༣ ཁྱེད་ཀྱིས་བྲན་རྣམས་ལ་གསུངས་པ། གལ་ཏེ་ཁྱེད་ཀྱི་སྤུན་མཐའ་ཆུང་ཁྱེད་ཅག་དང་མཉམ་དུ་མི་ཡོང་ན། ཁྱེད་ངའི་གདོང་ཡང་མཐོང་མི་ཡོང་། ༢༤ ཡང་ངེད་རྣམས་ཁྱེད་ཀྱི་བྲན་པོ་ཕའི་མདུན་དུ་ཕྱིར་བསླེབས་ནས་ངའི་ཇོ་བོའི་བཀའ་དེ་ཁོ་ལ་བཤད་དོ། ༢༥ ངེད་ཀྱི་ཕས་ཁ་ཟས་ཀྱི་ཕྱིར་གྲོ་ནས་ཅུང་ཞིག་ཉོ་བ་ལ་ཡང་སོང་ཞིག་སྨྲས་སོ། ༢༦ ང་ཅག་གིས་ཟེར་པ། འགྲོ་མི་ཐུབ། གལ་ཏེ་ང་ཚོའི་སྤུན་མཐའ་ཆུང་ངེད་དང་མཉམ་དུ་ཡོད་ན་འགྲོ་བར་བྱ། ཅི་ལ་ཟེར་ན། མཐའ་ཆུང་ངེད་དང་མཉམ་དུ་མི་འགྲོ་ན་མི་དེའི་གདོང་མཐོང་མི་འོང་བའི་ཕྱིར་རོ། ༢༧ ཁྱེད་ཀྱི་བྲན་པོ་ངེད་ཀྱི་ཕས་ངེད་རྣམས་ལ། ངའི་ཆུང་མ་ནས་ང་ལ་བུ་གཉིས་བྱོར་བ་ཁྱེད་ཚོས་ཤེས། ༢༨ གཅིག་ནི་ང་ལས་བྲལ་སོང་ནས། ངས་དེ་རལ་བར་གྱུར་པ་ངེས་སོ་སྨྲས། ད་ལྟའི་བར་དུ་ངས་དེ་ཡང་མ་མཐོང་། ༢༩ ད་ཁྱེད་ཀྱིས་འདི་ཡང་ངའི་མདུན་ནས་ཁྱེར་ཏེ་འདི་ལ་ཡང་ཉེས་འབྱུང་ན། ཁྱེད་ཅག་གིས་ངའི་སྐྲ་དཀར་དེ་མྱ་ངན་དང་བཅས་སུ་དུར་ཁུང་ནང་གཏོང་བར་འགྱུར་རོ་སྨྲས་བྱུང་། ༣༠ དེའི་ཕྱིར་ཁྱེད་ཀྱི་བྲན་པོ་ངའི་ཕའི་རྩར་ང་ཕྱིར་ལོག་པའི་དུས་སུ་ཁྱེའུ་ངེད་དང་མཉམ་དུ་མེད་ན། ཕ་དང་ཁོའི་སྲོག་གཅིག་པ་ཡིན་པས། ༣༡ ཁྱེའུ་མེད་པར་མཐོང་སྟེ་ཁོ་ཤི་ཡོང་། ཡང་ཁྱེད་ཀྱི་བྲན་རྣམས་ཀྱིས་ཁྱེད་ཀྱི་བྲན་པོའམ་ངའི་ཕ་སྐྲ་དཀར་དེ་མྱ་ངན་དང་བཅས་སུ་དུར་ཁུང་ནང་འཇུག་པར་བྱའོ། ༣༢ ཁྱེད་ཀྱི་བྲན་ནི་ཕའི་མདུན་དུ་ཁྱེའུ་དེའི་ཕྱིར་ཁག་ཐེག་བྱས་ཏེ་དེ་ལ། ངས་ཁོ་ཁྱོད་ཀྱི་རྩར་ཕྱིར་མ་ཁྲིད་ན་མ་ཤི་བར་དུ་ཁྱོད་ལ་བྱས་པའི་སྡིག་པ་ངས་འཁུར་ཡོང་སྨྲས་པ་ཡིན། ༣༣ དེའི་ཕྱིར་བྲན་ནི་ཁྱེའུ་ཡི་ཚབ་ཏུ་ཇོ་བོའི་བྲན་བྱེད་དུ་འདིར་འདུག་པར་གནོང་ཞིག ཁྱེའུ་སྤུན་རྣམས་དང་མཉམ་དུ་ལོག་འགྲོ་བར་གནང་དུ་གསོལ། ༣༤ ཁྱེའུ་ང་དང་མཉམ་དུ་མེད་ན་ང་ཕའི་དྲུང་དུ་ལོག་པ་ཇི་ལྟར་ནུས། ངའི་ཕ་ལ་འཕོག་ཡོང་བའི་སྡུག་བསྔལ་དེ་མཐོང་མི་ཕོད་ཅེས་ཞུས་སོ༎