༣༦
ཨེ་དོམ་ཡང་ཟེར་བའི་ཨེ་སབ་ཀྱི་རིགས་བརྒྱུད་རྣམས་འདི་ལྟར་རོ།  ཨེ་སབ་ཀྱིས་ཀ་ན་ཨན་གྱི་བུ་མོ་རྣམས་ནས་ཧེད་པ་ཨེ་ལོན་གྱི་བུ་མོ་ཨ་དཱ་དང་། ཧི་ཝི་པ་ཚིབ་ཨོན་གྱི་ཚ་མོ་ཨ་ནཱ་ཡི་བུ་མོ་ཨོ་ཧོ་ལི་བ་མཱ་དང་།  ཨིས་མ་ཨེལ་གྱི་བུ་མོ་ནེ་བཱ་ཡོད་ཀྱི་སྲིང་མོ་བས་མད་དང་གསུམ་ཆུང་མར་བླངས་སོ།  ཡང་ཨ་དཱ་ནས་ཨེ་སབ་ལ་བུ་ཨེ་ལི་ཕཱ་སྐྱེས། ཡང་བས་མད་ལ་རེ་གུ་ཨེལ་སྐྱེས།  ཡང་ཨོ་ཧོ་ལི་བ་མཱ་ལ་ཡེ་ཧུས་དང་། ཡ་ཨེ་ལམ་དང་། ཁོ་རག་དང་གསུམ་སྐྱེས་སོ། བུ་དེ་རྣམས་ཨེ་སབ་ལ་ཀ་ན་ཨན་ཡུལ་ན་བྱོར་ཏོ༎
 ཨེ་སབ་ཀྱིས་ཆུང་མ་རྣམས་དང་བུ་རྣམས་དང་བུ་མོ་རྣམས་དང་རང་གི་ཁང་པ་ན་ཡོད་པའི་མི་ཐམས་ཅད་དང་། ནོར་དང་དུད་འགྲོ་ཐམས་ཅད་ཀ་ན་ཨན་ཡུལ་ནས་བརྙེད་པའི་ནོར་རྫས་ཁྱེར་ཏེ་སྤུན་ཡ་ཀོབ་ཀྱི་ཐད་ཀ་ནས་ཡུལ་གཞན་ཞིག་ཏུ་སོང་ངོ་།  དེ་དག་གི་ནོར་ཆེན་པོ་ཡིན་ཏེ། དུད་འགྲོ་ཤིན་ཏུ་མང་བས། གཞིས་བཟུང་བའི་ཡུལ་དེར་འཚོ་མ་ཐུབ་པའི་ཕྱིར་དེ་དག་གཅིག་ཏུ་གནས་མ་ཐུབ་བོ།  དེ་བས་ན་ཨེ་སབ་་ཨེ་དོམ་ཡང་ཟེར་བ་དེ་སེ་ཨིར་རི་རྒྱུད་ལ་གཞིས་བཟུང་ངོ་༎
 སེ་ཨིར་རི་རྒྱུད་ལ་ཡོད་པའི་ཨེ་དོམ་པ་རྣམས་ཀྱི་ཕ་ཨེ་སབ་ཀྱི་རིགས་བརྒྱུད་འདི་ལྟར་རོ། ༡༠ ཨེ་སབ་ཀྱི་བུ་རྣམས་ཀྱི་མིང་ནི་ཨེ་སབ་ཀྱི་ཆུང་མ་ཨ་དཱ་ཡི་བུ་ཨེ་ལི་ཕཱ་དང་། ཨེ་སབ་ཀྱི་ཆུང་མ་བས་མད་ཀྱི་བུ་རེ་གུ་ཨེལ ༡༡ ཨེ་ལི་ཕཱ་ཡི་བུ་རྣམས་ནི་ཐེ་མན་དང་། ཨོ་མར་དང་། ཚེ་ཕོ་དང་། ག་ཨེ་ཐམ་དང་། ཁེ་ནཱས ༡༢ ཨེ་ལི་ཕཱ་ཡི་ཟུར་གྲོགས་ཐིམ་ནཱ་བྱ་བ་ནས་ཨེ་ལི་ཕཱ་ལ་བུ་ཨ་མ་ལེག་བྱོར་བ་དེ་དག་ཨེ་སབ་ཀྱི་ཆུང་མ་ཨ་དཱ་ཡི་བུ་རྣམས་སོ། ༡༣ རེ་གུ་ཨེལ་གྱི་བུ་རྣམས་ནི་ན་ཧད་དང་། སེ་རག་དང་། ཤམ་མཱ་དང་། མི་ཟཱ། དེ་དག་ཨེ་སབ་ཀྱི་ཆུང་མ་བས་མད་ཀྱི་བུ་རྣམས་སོ། ༡༤ ཡང་ཚིབ་ཨོན་གྱི་ཚ་མོ་ཨ་ནཱ་ཡི་བུ་མོ་ཨེ་སབ་ཀྱི་ཆུང་མ་ཨོ་ཧོ་ལི་བ་མཱའི་བུ་རྣམས་ནི། ཨེ་སབ་ལ་དེ་ནས་ཡེ་ཧུས་དང་། ཡ་ཨེ་ལམ་དང་། ཁོ་རག་སྐྱེས་སོ༎
༡༥ ཨེ་སབ་ཀྱི་བུ་སྐུ་དྲག་ཡིན་པ་རྣམས་འདི་ལྟར་རོ། ཨེ་སབ་ཀྱི་བུ་སྔོན་སྐྱེས་ཨེ་ལི་ཕཱ་ཡི་བུ་རྣམས་ལས་ཇོ་ཐེ་མན་དང་། ཇོ་ཨོ་མར་དང་། ཇོ་ཚེ་ཕོ་དང་། ཇོ་ཁེ་ནཱས་དང་། ༡༦ ཇོ་ཁོ་རག་དང་། ཇོ་ག་ཨེ་ཐམ་དང་། ཇོ་ཨ་མ་ལེག དེ་དག་ཨེ་དོམ་ཡུལ་ན་ཨེ་ལི་ཕཱ་ནས་ཆད་པའི་ཇོ་རྣམས་དང་། ཨ་དཱ་ཡི་བུ་རྣམས་ཡིན་ནོ། ༡༧ ཡང་ཨེ་སབ་ཀྱི་བུ་རེ་གུ་ཨེལ་གྱི་བུ་རྣམས་ནི། ཇོ་ན་ཧད་དང་། ཇོ་སེ་རག་དང་། ཇོ་ཤམ་མཱ་དང་། ཇོ་མི་ཟཱ། དེ་དག་ཨེ་དོམ་ཡུལ་ན་རེ་གུ་ཨེལ་ནས་ཆད་པའི་ཇོ་རྣམས་ཡིན་ཏེ། ཨེ་སབ་ཀྱི་ཆུང་མ་བས་མད་ཀྱི་བུ་རྣམས་ཡིན་ནོ། ༡༨ ཡང་ཨེ་སབ་ཀྱི་ཆུང་མ་ཨོ་ཧོ་ལི་བ་མཱའི་བུ་རྣམས་ནི། ཇོ་ཡེ་ཧུས་དང་། ཇོ་ཡ་ཨེ་ལམ་དང་། ཇོ་ཁོ་རག་རྣམས་སོ། དེ་དག་ཨ་ནཱ་ཡི་བུ་མོ་ཨེ་སབ་ཀྱི་ཆུང་མ་ཨོ་ཧོ་ལི་བ་མཱ་ནས་ཆད་པའི་ཇོ་རྣམས་ཡིན་ནོ། ༡༩ དེ་རྣམས་ནི་ཨེ་སབ་ཀྱི་བུ་རྣམས་དང་། ཇོ་རྣམས་ཡིན། ཨེ་སབ་རང་ནི་ཨེ་དོམ་ཡིན་ནོ༎
༢༠ ཡུལ་ན་གནས་པའི་ཧོར་པ་སེ་ཨིར་གྱི་བུ་རྣམས་འདི་ཡིན། ལོ་ཐན་དང་། ཤོ་བལ་དང་། ཚིབ་ཨོན་དང་། ཨ་ནཱ་དང་། ༢༡ དི་ཤོན་དང་། ཨེ་ཚེར་དང་། དི་ཤན། དེ་དག་ཨེ་དོམ་ཡུལ་ན་སེ་ཨིར་གྱི་བུ་རྣམས་ཡིན་ཏེ། ཧོར་པའི་ཇོ་རྣམས་ཡིན་ནོ། ༢༢ ལོ་ཐན་གྱི་བུ་རྣམས་ནི་ཧོ་རི་དང་། ཧེ་མམ་དང་། ལོ་ཐན་གྱི་སྲིང་མོ་ནི་ཐིམ་ནཱའོ། ༢༣ ཡང་ཤོ་བལ་གྱི་བུ་རྣམས་འདི་དག་ཡིན། ཨལ་ཝན་དང་། མ་ནཱ་ཧད་དང་། ཨེ་བལ་དང་། ཤེ་ཕོ་དང་། ཨོ་ནམ ༢༤ ཡང་ཚིབ་ཨོན་གྱི་བུ་རྣམས་ནི་འདི་རྣམས་ཡིན། ཨ་ཡཱ་དང་། ཨ་ནཱཨ་ནཱ་ནི་ཕ་ཚིབ་ཨོན་གྱི་བོང་བུ་རྣམས་འཚོ་ཙ་ན་འབྲོག་སྟོང་ན་ཆུ་ཚན་རྣམས་ཐོབ་པ་དེ་ཡིན་ནོ། ༢༥ ཨ་ནཱ་ཡི་ཕྲུ་གུ་འདི་དག་ཡིན། དི་ཤོན་དང་། ཨ་ནཱ་ཡི་བུ་མོ་ཨོ་ཧོ་ལི་བ་མཱ ༢༦ ཡང་དི་ཤོན་གྱི་བུ་འདི་རྣམས་ཡིན། ཧེམ་དན་དང་། ཨེས་བན་དང་། ཡིད་རན་དང་། ཁེ་རན ༢༧ ཡང་ཨེ་ཚེར་གྱི་བུ་འདི་རྣམས་ཡིན། བིལ་ཧན་དང་། ཟ་ཨ་ཝན་དང་། ཨ་ཁན ༢༨ དི་ཤན་གྱི་བུ་རྣམས་ནི། ཨུས་དང་། ཨ་རན་ཡིན། ༢༩ ཡང་ཧོར་པའི་གཙོ་ཆེ་བ་རྣམས་ནི། ཇོ་ལོ་ཐན་དང་། ཇོ་ཤོ་བལ་དང་། ཇོ་ཚིབ་ཨོན་དང་། ཇོ་ཨ་ནཱ་དང་། ༣༠ ཇོ་དི་ཤོན་དང་། ཇོ་ཨེ་ཚེར་དང་། ཇོ་དི་ཤན་ཡིན་ནོ། དེ་དག་ཧོར་པའི་ཇོ་རྣམས་ཡིན་ཏེ། སེ་ཨིར་ཡུལ་གྱི་སྡེ་རྣམས་ལ་དབང་བྱས་པའི་ཇོ་རྣམས་ཡིན་ནོ༎
༣༡ ཡང་ཨིས་ར་ཨེལ་གྱི་བུ་རྣམས་ལ་རྒྱལ་པོ་ཞིག་གིས་ད་རུང་དབང་མ་བྱས་པའི་ཚེ། ཨེ་དོམ་ཡུལ་ན་དབང་བྱས་པའི་རྒྱལ་པོ་རྣམས་འདི་ལྟར་རོ། ༣༢ ཨེ་དོམ་ཡུལ་དུ་བེ་ཨོར་གྱི་བུ་བེ་ལཱ་བྱ་བ་རྒྱལ་པོ་བྱས་སོ། དེའི་རྒྱལ་སའི་མིང་ནི་དིན་ཧ་བཱ་ཟེར་རོ། ༣༣ བེ་ལཱ་ཚེ་འདས་ནས་དེའི་རྗེས་སུ་བོས་རཱ་པ་སེ་རག་གི་བུ་ཡོ་བབ་ཀྱིས་རྒྱལ་པོ་བྱས་སོ། ༣༤ དེ་ནས་ཡོ་བབ་ཚེ་འདས་ནས་དེའི་རྗེས་སུ་ཐེ་མན་པའི་ཡུལ་ནས་ཧུ་སམ་གྱིས་དེའི་མལ་དུ་རྒྱལ་པོ་བྱས་སོ། ༣༥ ཧུ་སམ་ཚེ་འདས་ནས་དེའི་རྗེས་སུ་བེ་དད་ཀྱི་བུ་ཧ་དད་དེའི་མལ་དུ་རྒྱལ་པོ་བྱས་ཏེ། མོ་ཨབ་ཀྱི་ཐང་དུ་མིད་ཨན་པ་བཅོམས་སོ། རྒྱལ་པོ་དེའི་གྲོང་ཁྱེར་གྱི་མིང་ཨ་ཝིད་ཟེར་རོ། ༣༦ ཡང་ཧ་དད་ཚེ་འདས་ནས་དེའི་རྗེས་སུ་མས་རེ་ཁ་ནས་ཡིན་པའི་སམ་ལཱ་རྒྱལ་པོ་བྱས་སོ། ༣༧ སམ་ལཱ་ཚེ་འདས་ནས་དེའི་རྗེས་སུ་ཆུའི་འགྲམ་ལ་ཡོད་པའི་རེ་ཧོ་བོད་ནས་ཡིན་པའི་ཤ་ཨུལ་གྱིས་རྒྱལ་པོ་བྱས་སོ། ༣༨ ཤ་ཨུལ་ཚེ་འདས་ནས་དེའི་རྗེས་སུ་ཨག་པོར་གྱི་བུ་བ་ཨཱལ་ཧ་ནན་གྱིས་རྒྱལ་པོ་བྱས་སོ། ༣༩ ཨག་པོར་གྱི་བུ་བ་ཨཱལ་ཧ་ནན་ཚེ་འདས་ནས་དེའི་རྗེས་སུ་ཧ་དར་གྱིས་རྒྱལ་པོ་བྱས། དེའི་རྒྱལ་སའི་མིང་ལ་ཕ་གུ་དང་། དེའི་ཆུང་མའི་མིང་ནི་མེ་ཧེ་ཐབ་ཨེལ་བྱ་བ་ནི་མེ་ས་ཧབ་ཀྱི་བུ་མོ་མེད་རེད་ཀྱི་བུ་མོ་ཡིན་ནོ༎
༤༠ ཡང་ཨེ་སབ་ནས་ཆད་པའི་ཇོ་རྣམས་རང་རང་གི་རིགས་བརྒྱུད་དང་། གནས་རྣམས་དང་། མིང་རྣམས་བཞིན་དུ་འདི་ལྟར་རོ། ཇོ་ཐིམ་ནཱ་དང་། ཇོ་ཨལ་ཝཱ་དང་། ཇོ་ཡེ་ཐེད་དང་། ༤༡ ཇོ་ཨོ་ཧོ་ལི་བ་མཱ་དང་། ཇོ་ཨེ་ལཱ་དང་། ཇོ་ཕི་ནོན་དང་། ༤༢ ཇོ་ཁེ་ནཱས་དང་། ཇོ་ཐེ་མན་དང་། ཇོ་མིབ་ཙར་དང་། ༤༣ ཇོ་མག་དི་ཨེལ་དང་། ཇོ་ཨི་རཱམ། འདི་རྣམས་ནི་རང་རང་གི་གནས་ས་དང་དབང་དུ་ཡོད་པའི་ཡུལ་གྱི་སྡེ་བཞིན་དུ་ཨེ་དོམ་གྱི་ཇོ་རྣམས་ཡིན་ནོ། འདི་ནི་ཨེ་དོམ་པ་རྣམས་ཀྱི་ཕ་ཨེ་སབ་ཡིན་ནོ༎