༡༠
ནོ་ཨའི་བུའི་རིགས་བརྒྱུད་ནི་འདི་ལྟར་རོ། ནོ་ཨའི་བུ་ཤེམ་དང་ཧམ་དང་ཡ་ཕེད་གསུམ་གྱིས་ཆུ་ལོག་གི་རྗེས་ལ་བུ་རྣམས་ཆད་དོ༎༢ ཡ་ཕེད་ཀྱི་བུ་རྣམས་ནི་གོ་མེར་དང་། མ་གོག་དང་། མ་དཱ་ཨི་དང་། ཡ་ཝན་དང་། ཐུ་བལ་དང་། མེ་ཤེག་དང་། ཐི་རཱ་དང་བདུན་ནོ། ༣ གོ་མེར་གྱི་བུ་རྣམས་ནི་ཨས་ཀེ་ནཱ་དང་། རི་ཕད་དང་། ཐོ་གར་མཱ་དང་གསུམ་མོ། ༤ ཡ་ཝན་གྱི་བུ་རྣམས་ནི་ཨེ་ལི་ཤཱ་དང་། ཐར་ཤིས་དང་། ཀི་ཐིམ་དང་། དོ་ད་ནིམ་དང་བཞིའོ། ༥ འདི་རྣམས་ལས་ཕྱི་པའི་གླིང་ཕྲན་རྣམས་སུ་རང་རང་གི་ཡུལ་དང་། སྐད་དང་། རིགས་དང་རིགས་བརྒྱུད་བཞིན་དུ་དར་བར་གྱུར་ཏོ༎
༦ ཡང་ཧམ་གྱི་བུ་རྣམས་ནི་ཀུས་དང་། མིས་ར་ཨིམ་དང་། ཕུད་དང་། ཀ་ན་ཨན་དང་བཞིའོ། ༧ ཀུས་ཀྱི་བུ་རྣམས་ནི་སེ་བཱ་དང་། ཧ་ཝི་ལཱ་དང་། སབ་ཐཱ་དང་། ར་ཨེ་མཱ་དང་། སབ་ཐེ་ཀཱ་དང་ལྔའོ། ཡང་ར་ཨེ་མཱའི་བུ་རྣམས་ནི་ཤེ་བཱ་དང་། དེ་དཱན་དང་གཉིས་སོ། ༨ ཡང་ཀུས་ནས་ནིམ་རོད་ཆད། དེ་ལས་དཔའ་བོ་འབྱུང་བ་ཚུགས་བྱུང་། ༩ ཡ་ཧོ་ཝཱའི་ཞལ་ངོའི་དྲུང་དུ་ཁྱི་ར་ལ་དཔའ་ཅན་དུ་གྱུར་པས། ནིམ་རོད་ལྟར་ཡ་ཧོ་ཝཱའི་ཞལ་ངོའི་དྲུང་དུ་ཁྱི་ར་ལ་དཔའ་ཅན་གྱི་མི་ཡིན་ཞེས་ཟེར་བའི་དཔེ་བྱུང་ངོ་། ༡༠ བཱ་བེལ་དང་། ཨེ་རེག་དང་། ཨ་ཁད་དང་། ཀལ་ནེ་་ཤི་ནེ་ཨར་ཡུལ་ན་ཡོད་པའི་རྒྱལ་ཁམས་ཀྱི་རྒྱལ་པོ་དང་པོ་ཁོ་ཡིན་ནོ། ༡༡ ཡུལ་དེ་ནས་ཁོ་ཨ་སུར་དུ་སོང་ནས་ནི་ནི་ཝེ་དང་། རེ་ཏོ་བོད་ཨིར་དང་། ཁ་ལཱ་དང་། ༡༢ ནི་ནི་ཝེ་དང་ཁ་ལཱའི་བར་ལ་རེ་སེན་བཙུགས་སོ། དེ་ནི་གྲོང་ཁྱེར་ཆེན་པོ་དེ་ཡིན་ནོ༎
༡༣ ཡང་མིས་ར་ཨིམ་ནས་ལུ་ཏིམ་པ་དང་། ཨ་ན་མིམ་པ་དང་། ལེ་ཧ་བིམ་པ་དང་། ནབ་ཐུ་ཧིམ་པ་དང་། ༡༤ ཕས་རུ་སིམ་པ་དང་། ཕེ་ལེ་ཤེད་པ་སྐྱེས་པའི་ཀས་ལུག་པ་དང་། ཀབ་ཐོར་པ་བདུན་ཆད་པའོ༎
༡༥ ཡང་ཀ་ན་ཨན་ནས་སྔོན་སྐྱེས་ཀྱི་བུ་ནི་ཚི་དོན་དང་། ཧེད་དང་། ༡༦ ཡེ་བུས་པ་དང་། ཨ་མོར་པ་དང་། གིར་ག་ཤི་པ་དང་། ༡༧ ཧི་ཝི་པ་དང་། ཨར་ཁི་པ་དང་། སི་ནི་པ་དང་། ༡༨ ཨར་ཝ་དཱི་པ་དང་། ཚེ་མ་རི་པ་དང་། ཧ་མད་པ་དང་བཅུ་གཉིས་ཆད་དེ། དེའི་རྗེས་ལ་ཀ་ན་ཨན་པའི་རིགས་དར་བར་གྱུར་ཏོ། ༡༩ ཡང་ཀ་ན་ཨན་པའི་མཐའ་ནི་ཚི་དོན་ནས་གེ་རར་དང་། ག་ཟཱ་དང་། སོ་དོམ་དང་། གོ་མོ་རཱ་དང་། ཨད་མཱ་དང་། ཚེ་བོ་ཨིམ་དང་། ལེ་ཤཱ་བྱ་བའི་གྲོང་ཁྱེར་བདུན་གྱི་བར་དུ་ཐུག་གོ། ༢༠ དེ་ནི་ཧམ་གྱི་བུ་རྣམས་ཀྱི་རིགས་དང་། སྐད་དང་། ཡུལ་དང་། རིགས་བརྒྱུད་རྣམས་སོ༎
༢༡ ཡང་ཨེ་བེར་གྱི་བུ་ཐམས་ཅད་ཀྱི་ཕ་ཡིན་པ་དང་། ཡ་ཕེད་ཀྱི་གཅུང་པོ་ཡིན་པའི་ཤེམ་ནས་ཀྱང་བུ་རྣམས་ཆད་དོ། ༢༢ ཤེམ་གྱི་བུ་རྣམས་ནི་ཨེ་ལམ་དང་། ཨ་སུར་དང་། ཨར་ཕག་ཤད་དང་། ལུད་དང་། ཨ་རམ་དང་ལྔའོ། ༢༣ ཡང་ཨ་རམ་གྱི་བུ་རྣམས་ནི་ཨུས་དང་། ཧུལ་དང་། གེ་ཐེར་དང་། མ་ཤེག་དང་བཞིའོ། ༢༤ ཡང་ཨར་ཕག་ཤད་ནས་ཤེ་ལཱ་ཆད་པ་དང་། ཤེ་ལཱ་ནས་ཨེ་བེར་ཆད་དོ། ༢༥ ཨེ་བེར་ནས་བུ་གཉིས་ཆད་དེ། གཅིག་གི་མིང་ཕེ་ལེག་བཏགས་སོ། དེ་ཅིའི་ཕྱིར་ཞེ་ན། ཁོའི་དུས་སུ་ས་ནི་བགོས་པའི་ཕྱིར་རོ། དེའི་སྤུན་གྱི་མིང་ནི་ཡོག་ཏན་ཞེས་བྱའོ། ༢༦ ཡོག་ཏན་ནས་ཨལ་མོ་དད་དང་། ཤེ་ལེབ་དང་། ཧ་ཙར་མ་ཝེད་དང་། ཡེ་རག་དང་། ༢༧ ཧ་དོ་རམ་དང་། ཨུ་ཟལ་དང་། དིག་ལཱ་དང་། ༢༨ ཨོ་བལ་དང་། ཨ་བི་མ་ཨེལ་དང་། ཤེ་བཱ་དང་། ༢༩ ཨོ་ཕིར་དང་། ཧ་ཝི་ལཱ་དང་། ཡོ་བབ་དང་བཅུ་གསུམ་ཆད་དེ། དེ་ཐམས་ཅད་ཡོག་ཏན་གྱི་བུ་རྣམས་ཡིན་ནོ། ༣༠ དེ་དག་སྡོད་པའི་གནས་ནི་མེ་ཤཱ་ནས་སེ་ཕར་ཤར་ཕྱོགས་ཀྱི་རི་ཞེས་པའི་བར་དུའོ། ༣༡ དེ་ནི་ཤེམ་གྱི་བུ་རྣམས་ཀྱི་རིགས་དང་། སྐད་དང་། ཡུལ་དང་རིགས་བརྒྱུད་ཡིན་ནོ༎
༣༢ དེ་ནི་ནོ་ཨའི་བུ་རྣམས་ཀྱི་རིགས་རང་རང་གི་རབས་ཀྱི་རིགས་བརྒྱུད་བཞིན་དུ་ཡིན་ཏེ། ཆུ་རུད་ཀྱི་འོག་ཏུ་འདི་ནས་སའི་མི་བརྒྱུད་དར་བར་གྱུར་ཏོ༎