༢༧
སང་ཉིན་ཅི་འབྱུང་བ་ཁྱོད་ཀྱིས་མི་ཤེས་པས་ན། སང་ཉིན་གྱི་དོན་ལ་རློམ་སེམས་མ་སྐྱེད་ཅིག༢ གཞན་མིས་ཁྱོད་ལ་བསྟོད་དུ་ཆུག་ཅིག རང་གི་ཁས་ནི་མིན། གཞན་གྱིས་བསྟོད་རུང་། རང་གི་མཆུས་ནི་མིན།
༣ རྡོ་བ་ལྕི་ཞིང་བྱེ་མ་ལྗིད་དུ་ཆེ། བླུན་པོའི་ཁོང་ཁྲོ་འདི་གཉིས་ལས་ཀྱང་ལྕིའོ༎
༤ ཁོང་ཁྲོ་ནི་སྙིང་རྗེ་མེད་པ་དང་། འཁྲོ་བ་ནི་ཆུ་ལོག་ཡིན། འོན་འཁྲེན་སེམས་ཀྱི་མདུན་དུ་ལང་ནས་སྡོད་ནུས་པ་སུ་ཡོད།
༥ ཕག་གི་གཅེས་འཛིན་ལས། ངོས་ཀྱི་འདེབས་པའི་བཀའ་བཀྱོན་ལེགས།
༦ མཛའ་བོས་ཕྱུང་བའི་རྨ་ཡང་སླུ་མེད་ཡིན་རུང་། ཕ་རོལ་པའི་ཁ་སྐྱེལ་བའི་ནང་ཟོལ་ཟོག་ཡོད།
༧ འགྲངས་པས་སྦྲང་མཁར་ལའང་ཁམས་ལོག ལྟོགས་ན་རོ་ཁ་བ་ཡང་མངར།
༨ ཁྱིམ་ལས་འཁྱམ་པའི་མི་དང་། ཚང་ལས་འཁྱར་བའི་བྱ་འདྲ།
༩ ཇི་ལྟར་བྱུག་པ་དང་སྤོས་ཆུས་སྙིང་སྤྲོ་བར་བྱེད། དེ་ལྟར་མཛའ་བའི་སྙིང་གཏམ་ཡང་མངར།
༡༠ རང་གི་མཛའ་བོ་དང་ཕའི་མཛའ་གྲོགས་རྣམས་མ་སྐྱུར་ཞིག ཐག་རིང་གི་སྤུན་ཟླ་བས་ཉེ་བར་ཡོད་པའི་ཁྱིམ་མཚེས་པ་ལེགས་པས་ན། རང་ལ་ཉོན་མོངས་འབྱུང་བའི་ཞག་ལའང་རང་གི་སྤུན་ཟླའི་ཁྱིམ་དུ་མ་འགྲོ།
༡༡ ང་སྨད་པ་རྣམས་ལ་ལན་འདེབས་ནུས་པའི་ཕྱིར་དུ། ངའི་བུ། མཁས་པར་གྱུར་ལ། ངའི་སྙིང་སྤྲོ་རུ་ཆུག
༡༢ མཛངས་པའི་མིས་བར་ཆད་སྔོན་སྔོན་དུ་མཐོང་ཞིང་ཡིབ་ཀྱིས། བླུན་པོ་ཤ་རེ་འགྲོ་བས་སྡུག་བསྔལ་མྱོང་།
༡༣ འཁྱམ་པོའི་ལག་མིར་སྡོད་པའི་གོས་བློངས་ཤིག མོ་ཡན་གྱི་ཁག་ཐེག་ལ་སྡོད་པ་ལས་གཏེ་མར་ལེན་ཞིག
༡༤ སྔ་སར་ལངས་ནས་རང་གི་མཛའ་བོ་ལ་སྐད་ཤུགས་ཆེན་པོས་ཤིས་པར་བརྗོད་པ་ནི། རང་གི་ཕྱིར་སྨོན་ལོག་ཏུ་རྩི་བར་འགྱུར།
༡༥ ཆར་དུས་ཀྱི་ཐིགས་པ་བར་མི་ཆད་པ་དང་། འཛིང་རུ་ཅན་གྱི་བུད་མེད་རྣམ་པར་མཚུངས། ༡༦ མོ་དེ་འགེགས་མཁན་གྱིས་རླུང་འགེག ཁོའི་ལག་པ་གཡས་པས་འབྲུ་མར་འཛིན།
༡༧ ལྕགས་ཀྱིས་ལྕགས་རྣོ་བར་བྱེད་པ་ལྟར། མིས་རང་གི་མཛའ་བོའི་ངོ་གདོང་ཡང་རྣོ་བར་བྱེད།
༡༨ ཇི་ལྟར་སེ་ཡབ་ཤིང་སྲུང་མཁན་གྱིས་དེའི་འབྲས་བུའང་ཟ། དེ་ལྟར་རང་གི་དཔོན་པོ་ལ་སྒུག་པ་ལ་བཀུར་སྟི་རྙེད།
༡༩ ཇི་ལྟར་ཆུ་ནང་གདོང་གིས་རང་གདོང་མཐོང་། དེ་ལྟར་རང་སྙིང་བཞིན་དུ་མི་ཡང་མཐོང་།
༢༠ གཤིན་ཡུལ་དང་འཆི་བ་ནམ་ཡང་མི་ཆོག་པ་ལྟར། མིའི་མིག་ནམ་དུའང་མི་ཚིམ།
༢༡ དངུལ་ཕྱིར་བླུགས་ཕོར་དང་། གསེར་ཕྱིར་མེ་ཐབ་ཡོད་པ་ལྟར། མི་ཡང་དེའི་སྟོད་སྒྲ་ལས་བརྟགས།
༢༢ ཇི་སྟེ་ཁྱོད་ཀྱིས་ཆག་ཙེ་མཉམ་དུ་བླུན་པོ་གཏུན་ནང་གཏུན་པོས་རྡུང་རུང་། དེའི་བློ་རྨོངས་པ་དེ་ལས་འབྲལ་བར་མི་འགྱུར།
༢༣ རང་གི་ཕྱུགས་ཁྱུ་རྣམས་ཀྱི་གནས་ཚུལ་རྟོགས་པའི་ཕྱིར་མ་གཡེལ་ཞིག རང་གི་བ་ཁྱུ་རྣམས་ལ་ལེགས་པར་ལྟོས། ༢༤ དེ་ཅིའི་ཕྱིར་ཞེ་ན། ནོར་ནི་རྒྱུན་དུ་ཡང་མི་གནས། མི་རབས་ནས་མི་རབས་སུ་ཅོད་པན་ཡང་ལུས་སམ། ༢༥ རྩྭ་ནི་སྐྱེ་ལ་རྩྭ་འཇམ་སྔོན་པོ་འབུར། རི་རྩྭ་ཕུང་པོར་སྡུ། ༢༦ ལུག་ནི་ཁྱོད་ཀྱི་གོས་སློག་ཕྱིར་ཡིན། ར་ནི་ཞིང་རིན་ཡིན། ༢༧ ཁྱོད་རང་གི་ཁ་ཟས་དང་། གཞིས་སྨད་ཀྱི་ཁ་ཟས་དང་། བྲན་མོ་དག་གི་ཚེ་ཕྱིད་པའི་ཕྱིར་ར་མའི་འོ་མས་ལྡང་བར་འགྱུར་རོ༎