༡༥
ལན་འཇམ་པོས་ཁོང་ཁྲོ་ཞི་ཡང་། རྩུབ་པའི་གཏམ་གྱིས་ཞེ་སྡང་སློང་།
 མི་མཁས་པའི་ལྕེས་ཤེས་རབ་ཚུལ་བཞིན་གླེང་གིས། གླེན་པའི་ཁས་གཏི་མུག་བླུག
 ཡ་ཧོ་ཝཱའི་སྤྱན་གྱིས་གནས་ཐམས་ཅད་དུ་ངན་པའམ་བཟང་པོ་གང་ཡོད་གཟིགས།
 ལྕེ་འཇམས་པ་སྲོག་གི་ལྗོན་ཤིང་ལགས། འོན་ཀྱང་ལྕེ་ལོག་གི་སེམས་སྣད་པར་བྱེད།
 བླུན་པོས་ཕ་མའི་ཞལ་གདམས་ཁྱད་དུ་སོད། འོན་ཀྱང་འཇུན་ཚིག་དང་དུ་བླང་བ་མཁས་པའོ༎
 ཆོས་དྲང་གི་ཁྱིམ་ན་གཏེར་མང་ཙམ་ཡོད་ཀྱང་སྡིག་སྤྱོད་ཀྱི་ཡོང་སྒོའི་ནང་ན་ཉོན་མོངས་ཡོད།
 མཁས་པའི་མཆུས་ཤེས་རབ་སྤེལ། འོན་ཀྱང་བླུན་པོའི་སྙིང་གིས་དེ་ལྟར་མི་བྱེད།
 སྡིག་སྤྱོད་ཀྱི་མཆོད་པ་ནི་ཡ་ཧོ་ཝཱ་ལ་རྫས་མི་གཙང་བ་སྟེ། འོན་ཀྱང་མི་དྲང་པོའི་སྨོན་ལམ་ལ་ཁོང་ཐུགས་དགྱེས།
 སྡིག་སྤྱོད་ཀྱི་ལམ་ལ་ཡ་ཧོ་ཝཱ་ཐུགས་ལོག འོན་དྲང་བ་ཉིད་ཀྱི་རྗེས་སུ་འབྲང་བ་ལ་བྱམས་པར་མཛད།
༡༠ ལམ་སྟོར་བ་ལ་དྲག་པོའི་ཞལ་གདམས་རྙེད་ཀྱིས། འཇུན་ཚིག་ལ་སྡང་བ་ནི་འཆི་བར་འགྱུར།
༡༡ གཤིན་ཡུལ་དང་སྡོངས་པ་ཡང་ཡ་ཧོ་ཝཱའི་ཞལ་ངོར་གདའ། མིའི་སྙིང་ཁོང་གི་དྲུང་དུ་ཡོད་པ་སྨོས་ཅི་དགོས།
༡༢ ཐོ་འཚམ་པ་པོས་འཇུན་མཁན་ལ་མི་བྱམས། མཁས་པའི་དྲུང་དུ་འགྲོ་བར་ཡང་མི་འགྱུར་རོ༎
༡༣ སྙིང་སྐྱིད་པས་གདོང་དཀར་པོ་སྟོན། སྙིང་ཚེར་གྱིས་སེམས་ཆག་ཏུ་འཇུག
༡༤ བློ་དང་ལྡན་པའི་སྙིང་གི་ཤེས་རབ་འཚོལ། འོན་ཀྱང་གླེན་པའི་ཁས་གཏི་མུག་ཟ།
༡༥ སྡུག་བསྔལ་ཅན་གྱི་ཞག་ཐམས་ཅད་ངན་པ་སྟེ། འོན་ཀྱང་སྙིང་སྐྱིད་པས་གཏན་དུ་དགའ་སྟོན་བྱེད།
༡༦ ཉོན་མོངས་དང་ལྡན་པའི་གཏེར་ཆེན་པོ་ལས། ཡ་ཧོ་ཝཱའི་འཇིགས་པ་དང་བཅས་པའི་ནོར་ཉུང་བ་ལེགས།
༡༧ གནོད་སེམས་དང་ལྡན་པའི་གླང་ཚོན་པོ་ཟ་བ་ལས། བྱམས་སེམས་ཡོད་སར་ཚོད་མ་ཟ་བ་ལེགས།
༡༨ སྤྲོ་ཐུང་གིས་འཁྲུག་པ་སློང་ཡང་། ཁྲོ་སྣ་རིང་བས་འཛིང་ཁྲབ་འཇོམས།
༡༩ ལེ་ལོ་ཅན་གྱི་ལམ་ཚེར་ཐག་དང་འདྲའི། ཆོས་དྲང་པོའི་ལམ་ནི་གཞུང་ལམ་དང་འདྲ།
༢༠ བུ་མཁས་པས་ཕ་མགུ་བར་བྱེད་ཀྱང་། མི་གླེན་གྱིས་མ་ལ་བརྙས་པར་བྱེད།
༢༡ ཤེས་རབ་ཀྱིས་འཕོངས་པ་ལ་གཏི་མུག་ནི་དགའ་བའོ། འོན་ཀྱང་བློ་དང་ལྡན་པ་དྲང་པོར་འགྲུལ།
༢༢ ཇུས་མེད་པའི་འདོད་པ་འཆོལ་པ་སྟེ། གྲོས་མི་མང་སར་གྲོས་གོ་ཆོད།
༢༣ རང་གི་ཁའི་གཏམ་ལན་གྱིས་མི་ནི་དགའ་མགུ་སྐྱེད། དུས་ཀྱི་ཁར་གླེང་བའི་གཏམ་ནི་ཁམས་སངས་འགྲོ་བ་ལགས།
༢༤ མི་མཁས་པ་ལ་ཐུར་ཕྱོགས་གི་དམྱལ་བ་ལས་འབྲོས་པའི་དོན་དུ་སྲོག་གི་ཤུལ་ལམ་དེ་སྟེང་ན་འདུག
༢༥ ཡ་ཧོ་ཝཱས་ང་རྒྱལ་ཅན་གྱི་ཁང་པ་རྩད་ནས་སློག འོན་ཀྱང་མོ་རང་མོའི་ཞིང་གི་མུ་ཚིགས་བརྟན་པོར་མཛད།
༢༦ སྡིག་སྤྱོད་ཀྱི་ཇུས་ལ་ཡ་ཧོ་ཝཱ་ཐུགས་ལོག་ཀྱང་། གཙང་བའི་མིས་གཏམ་སྙན་པ་གླེང་།
༢༧ ནོར་བརྣབས་ཅན་གྱིས་རང་གི་ཁྱིམ་སྡུག་བསྔལ་བར་བྱེད། ཕག་སུག་ལ་སྡང་བ་ནི་འཚོ་བར་འགྱུར།
༢༨ ཆོས་དྲང་གི་སྙིང་གིས་ལན་འདེབས་ཚུལ་སྦྱོང་ཡང་། སྡིག་སྤྱོད་ཀྱི་ཁས་ངན་པ་རྣམས་བླུག་གོ།
༢༩ སྡིག་སྤྱོད་ལས་ཡ་ཧོ་ཝཱ་ཐག་རིང་ཡང་། ཆོས་དྲང་པོའི་གསོལ་འདེབས་ལ་གསན།
༣༠ མིག་གི་འོད་ཀྱིས་སེམས་མགུ་བར་བྱེད། འཕྲིན་བཟང་པོས་རུས་པ་རྒྱགས་སུ་འཇུག
༣༡ སྲོག་གི་འཇུན་ཚིག་ལ་ཉན་པའི་རྣ་བ་ནི་མཁས་པའི་ཁྲོད་དུ་གནས།
༣༢ གདམས་ངག་མི་བླང་བས་རང་སྲོག་ལ་སྡང་། བསླབ་བྱར་ཉན་པས་བློ་གྲོས་རྙེད།
༣༣ ཡ་ཧོ་ཝཱ་ལ་བག་བྱེད་པ་ནི་ཡེ་ཤེས་ཀྱི་མན་ངག་ལགས། ཞེ་སའི་གོང་དུ་གུས་པ་གདའ༎