༡༤༦
ཡ་ཧོ་ཝཱ་ལ་བསྟོད་པར་གྱིས་ཤིག་ཨང་། ཀྱེ་ངའི་སེམས་ཡ་ཧོ་ཝཱ་ལ་སྟོད་ཅིག༢ ང་གསོན་རིང་ཡཱ་ཝཱེར་བསྟོད་པར་བྱ་ཞིང་། ང་ལུས་པའི་བར་བདག་གི་དཀོན་མཆོག་ལ། བསྟོད་སྒྲའི་དབྱངས་རྣམས་བདག་གིས་འབུལ་བར་བྱ།
༣ སྐྱོབ་པར་མི་ཐུབ་པ་ཡི་སྐུ་དྲག་དང་། མིའི་བུ་རྣམས་ལ་ཁྱོད་ཀྱིས་བློ་མ་གཏོད།
༤ དེའི་དབུགས་འཐོན་ཞིང་ཐལ་བ་རུ་འགྱུར། དེ་ཀ་ཞག་ནང་དེའི་བྱུས་རྣམས་འཇིག་གོ།
༥ སུའི་ར་མདའ་ཡ་ཀོབ་ཀྱི་དཀོན་མཆོག་དང་། སུས་རང་གི་དཀོན་མཆོག་ཡ་ཧོ་ཝཱ་ལ། རེ་བ་བྱེད་པའི་མི་བསོད་བདེ་ཅན་ཡིན།
༦ ཁོང་གིས་གནམ་དང་ས་གཞི་རྒྱ་མཚོ་དང་། དེ་དག་ནང་ན་ཡོད་ཚད་མཛད་པ་ཡིན། ཁོང་གིས་རྟག་ཏུ་བདེན་པ་ཉིད་སྲུང་ངོ་༎
༧ ཁོང་གིས་ཁ་དམན་རྣམས་ལ་གཤགས་གནང་མཛད། ཁོང་གིས་ལྟོགས་པར་ཁ་ཟས་སྟེར་བར་མཛད། ཡཱ་ཝཱེས་བཙོན་པ་རྣམས་ནི་ཐར་དུ་འཇུག
༨ ཡཱ་ཝཱེས་ལོང་བ་རྣམས་ཀྱི་མིག་འབྱེད་ཅིང་། རྒུར་པོ་རྣམས་ཡཱ་ཝཱེས་སློང་བར་མཛད་དོ༎
༩ ཡཱ་ཝཱེས་རྒྱལ་ཁམས་པ་རྣམས་སྲུང་བར་མཛད། དྭ་ཕྲུག་མོ་རང་རྣམས་ལ་ཉ་ར་མཛད། འོན་ཀྱང་སྡིག་སྤྱོད་ལམ་དེ་རྩ་རྩེ་ཟློག
༡༠ ཡཱ་ཝཱེས་དུས་རྒྱུན་སྲིད་མཛད་ཀྱེ་ཙི་ཨོན། ཁྱེད་ཀྱི་དཀོན་མཆོག་གིས་མི་རབས་ཀུན་ཏུའོ། ཡ་ཧོ་ཝཱ་ལ་བསྟོད་པར་གྱིས་ཤིག་ཨང་༎